དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་བོད་ཡུ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-06

    ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ལིའུ་ཅང་གིས་གནས་ཚུལ་བརྡ་ཁྱབ་བཏང་བ་དང་ཕྱོགས་སྡོམ་གསུང་བཤད་གནང་བ།

    ཟླ་2ཚེས་4ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

    ཟླ་2ཚེས་4ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་དམིགས་ཚད་ལ་གཞིགས་ནས་གདེང་ཚོད་བརྟན་དུ་གཏོང་བ་དང་འགན་འཁྲི་ནན་དུ་གཏོང་བ། “ཞིང་གསུམ”ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྨང་གཞིའི་འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལིའུ་ཅང་གིས་2025ལོའི་ལོ་འཁོར་གྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བཏང་བའི་དངོས་ཡོད་ཀྱི་གྲུབ་འབྲས་ལ་དཔྱད་ཞིབ་བྱས་ཚུལ་བརྡ་ཁྱབ་བཏང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ། ཤའོ་ཡིའུ་ཚའེ་དང་། ཟླ་བ་ཚེ་རིང་། འཇམ་དཔལ། ཚེ་རིང་ཕུན་ཚོགས། པད་མ་དབང་འདུས་བཅས་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། མིག་སྔའི་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་ལས་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པ་སྟེ།  དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་རྒྱུན་གཏན་ལས་བརྒལ་བའི་བྱེད་ཐབས་ནས་རྒྱུན་གཏན་ཅན་གྱི་རོགས་སྐྱོར་ཕྱོགས་སུ་འགྱུར་ལྡོག་འགྲོ་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་དེ་ས་ཁུལ་དབུལ་པོའི་དམིགས་བསལ་གཟིགས་སྐྱོང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་ཀུན་ཕན་ཕྱོགས་སུ་འགྱུར་ལྡོག་འགྲོ་བ། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དེ་གྲུབ་ཆ་ལེགས་སྒྲིག་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་མཉམ་འདྲེས་ཐུབ་པའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བ། ཞིང་འབྲོག་པའི་འབབ་འཕར་དེ་སྲོལ་རྒྱུན་གྱི་ཐབས་ལམ་ལ་བརྟེན་པ་ནས་སྒུལ་ནུས་གསར་པ་འཕེལ་བར་བྱེད་པའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བ། གྲོང་གསེབ་བཅོས་སྐྱོང་དེ་དོ་དམ་ཞབས་ཞུར་སྣང་ཆེན་བྱེད་པ་ནས་སྣེ་མང་མཉམ་བཅོས་ཕྱོགས་སུ་འགྱུར་ལྡོག་འགྲོ་བ་བཅས་རེད། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་། ལྷག་པར་དུ། “ཞིང་གསུམ”ཁོངས་གཏོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཐུབ་པ་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་བསྡུར་བ་ཡང་ཡང་བྱེད་པ། ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དང་འབབ་འཕར་བརྟན་པོ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད། ནུས་པ་ལྡན་པའི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན། སྤྱི་ཡོངས་སྐུལ་འདེད་དང་གཙོ་གནད་ཚད་བརྒལ་བཅས་ཀྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། བྱེད་ཐབས་དེ་བས་ཏན་ཏིག་དང་སྟོབས་ཤུགས་དེ་བས་ཆེན་པོས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམིགས་ཚད་དང་ལས་འགན་གཏན་འཁེལ་གྱིས་ལས་ཀའི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ། རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་དང་། “ཞིང་གསུམ”གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ“ཞིང་གསུམ”གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པ་དང་། “དོན་ཆེན་བཞི”དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ། བོད་དུ་ཏང་གིས་སྲིད་སྐྱོང་བའི་གཞི་རྩ་སྲ་བརྟན་དུ་གཏོང་དགོས་པ་བཅས་ཀྱི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ། “ཞིང་གསུམ”ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ལྗོངས་ཡོངས་ཀྱི་ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་པོ་དང་། གྲོང་གསེབ་ས་ཁུལ་དེ་བས་དར་ཞིང་རྒྱས་པ། ཞིང་པའི་འཚོ་བ་དེ་བས་སྐྱིད་སྣང་དོད་པ་བཅས་ཡོང་བའི་འབད་བརྩོན་བྱེད་དགོས། ཐབས་མང་མཉམ་སྤྱོད་བྱས་ཏེ་ཞིང་འབྲོག་པར་མུ་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཡོང་འབབ་མང་དུ་གཏོང་བ། ལས་ཞུགས་གཞན་སྒྱུར་གྱིས་ཡོང་འབབ་ལ་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་སྟོབས་ཆེན་དང་དམངས་ཕྱུག་གི་སྲིད་ཇུས་ཕན་ནུས་ཆེ་རུ་གཏོང་བ་དང་ཡོང་འབབ་བརྟན་དུ་གཏོང་བ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འཚོ་རྟེན་ལས་སྤྲོད་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། ཞིང་འབྲོག་པ་ཚོ་ཐོན་ལས་འཁོར་འབྲེལ་གྱི་ལྷུ་ཚིགས་ཁག་ནང་གཏིང་ཟབ་ཞུགས་སུ་འཇུག་པ། ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་གནས་ཐང་འཕར་བའི་ཡོང་འབབ་མཉམ་སྤྱོད་བཅས་བྱས་ཏེ། འབབ་འཕར་གྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས། རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་ལག་བསྟར་ཤུགས་ཆེན་བྱེད་པ་དང་། དུས་ཐོག་དང་གནད་སྨིན་སྒོ་ནས་ལྟ་ཞིབ་ཚད་ལེན་དང་དབྱེ་འབྱེད་ལེགས་པར་བྱེད་པ། རིགས་ཕྱེ་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ཡག་པོ་བྱེད་པ། ཐ་སྐྱོང་འགན་སྲུང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། ཐོན་ལས་རོགས་སྐྱོར་དེ་ཉིད་རྩ་བའི་བྱེད་ཐབས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཐོན་ལས་རོགས་སྐྱོར་བྱེད་སྟངས་ལེགས་སུ་གཏོང་བ། རོགས་སྐྱོར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཞི་ཁྱོན་ལྡན་པའི་དབུལ་ལོག་དང་དབུལ་འགྱུར་མི་ཐོན་པའི་འགན་ལེན་བྱེད་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་ནུས་ཆེ་རུ་ཤུགས་ཆེན་གཏོང་བ་དང་། འབྲུ་རིགས་དང་ལྷག་པར་དུ་ནས་ཀྱི་ཐོན་སྐྱེད་ལ་དམ་འཛིན་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ། རྨོ་ཞིང་སྲུང་སྐྱོབ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། འབྲོག་ལས་དང“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཐོན་སྐྱེད་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ལས་ལ་ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ཞིང་འབྲོག་ཁུལ་གྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གསོ་སྐྱོང་ཧུར་ཐག་བྱེད་པ། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ། ཞིང་འབྲོག་ཐོན་རྫས་ལ་ལས་སྣོན་ཞིབ་ཚགས་དང་ཡག་པོ་བྱེད་པ། ཟུར་བསྣན་རིན་ཐང་དང་ཕན་འབྲས་བཟང་རིགས་ཆེ་རུ་གཏོང་བ། “ཡུལ་ཟོག”དེ“ཐོན་ལས་ཆེན་པོར”འགྱུར་རྒྱུར་འབད་བརྩོན་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་འཛུགས་སྐྲུན་བྱེད་པ། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་བཅོས་སྒྲིག་དང་རིམ་སྤོར་བཅས་བྱས་ཏེ། ཞིང་འབྲོག་ཁུལ་དེ་ཉིད་དེ་བས་གནས་འཕྲོད་ལས་འཚམ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་འདོན་པ། ཡ་རབས་གྲོང་གསེབ་ཀྱི་སྲོལ་བཟང་འཛུགས་སྤེལ་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། དགེ་བརྩོན་ཡར་ཐོན་གྲོང་གསེབ་ཀྱི་ཀུན་སྤྱོད་དར་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས་གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཞིང་འབྲོག་ཁུལ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

    ཚོགས་འདུར་2025ལོ་འཁོར་གྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་བཏང་བའི་དངོས་ཡོད་གྲུབ་འབྲས་ལ་དཔྱད་ཞིབ་ཀྱི་སྔོན་ཐོན་ས་ཁུལ་དང་གྲོང་ཁྱེར་ལ་གཟེངས་བསྟོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།