རེན་ཝེ་ཡིས་རང་སྐྱོང་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། 2025ལོའི་ལས་དོན་ལ་ཕྱོགས་སྡོམ་དང་2026ལོའི་ལས་ཀའི་གཙོ་གནད་དང་བཀོད་གཏོང་ལས་ཀའི་ལམ་སྲོལ་ལ་ཞིབ་འཇུག་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
རེན་ཝེ་ཡིས་ནན་བཤད་གནང་དོན། 2026ལོར་ས་གནས་ཁག་དང་སྡེ་ཚན་ཁག་གིས་དམིགས་ཚད་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་དང་། དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བཟོ་བ། ལས་དོན་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་འགན་ཁག་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ལས་གྲྭ་དང་ཞབས་ཞུའི་ལས་རིགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་བརྟེན་ནས་རྩད་བཤེར་ཇུས་འགོད་དང་། ས་གཤིས་ལྟ་ཞིབ་ཚད་ལེན། རིག་ལྡན་ལས་གྲྭ། གནོད་འཚེའི་སྔོན་བརྡ། ལྗང་མདོག་དངུལ་རྩ་སོགས་ལས་གྲྭའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཐོན་ལས་དང་པོ་དང་གཉིས་པ་དང་ཞབས་ཞུའི་ལས་རིགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཚན་རྩལ་གྱི་སྐུལ་འདེད་དང་གྲངས་འཛིན་གྱི་མཐུན་རྐྱེན་སྦྱོར་ནུས་ཆེ་རུ་གཏོང་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་བསལ་ཏེ་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་བརྟེན་ནས་ལེགས་ལྡན་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་འཚོ་དང་ཞབས་ཞུའི་ལས་རིགས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཚོང་དོན་ཟོག་འགྲུལ་དང་། རྒན་གསོ་བཅོལ་གསོ། རིག་གནས་རོལ་རྩེད་སོགས་དམངས་ཕན་ཞབས་ཞུའི་སྤུས་འབྲས་རྒྱུན་མཐུད་མཐོ་རུ་གཏོང་བ་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་བརྟེན་ནས་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་དམངས་འཚོའི་དགོས་མཁོ་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།