དབུ་ཤོག>སྲིད་དོན།>མི་དོན་བསྐོ་འཐེན།
  • ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་གསབ་འདེམས་བྱ་རྒྱུའི་མཚན་ཐོ།

    (མི་གཉིས)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-03

    (2026ལོའི་ཟླ་2ཚེས་2ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)

    ལང་ཧྥུའུ་ཁོན(རྒྱ་རིགས) ཟླ་བ་དངོས་གྲུབ།

    བློ་མཐུན་ལང་ཧྥུའུ་ཁོན་གྱི་ལོ་རྒྱུས་མདོར་བསྡུས།

    ལང་ཧྥུའུ་ཁོན། སྐྱེས་པ། རྒྱ་རིགས། 1966ལོའི་ཟླ་2པར་སྐྱེས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པ། ཀྲུང་གུང་ཏང་ཡོན། ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཟླ་བ་དངོས་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།

    ཟླ་བ་དངོས་གྲུབ། སྐྱེས་པ། བོད་རིགས། 1966ལོའི་ཟླ་4པར་སྐྱེས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཀྲུང་གུང་ཏང་ཡོན། ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།