དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-03

    ཚེས་2ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་ཆེད་མངགས་རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་ཕེབས་ཏེ་རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་འཕྲིན་སྤེལ་ནང་ཞུགས་པའི་འཐབ་ས་དང་པོའི་གསར་འགྱུར་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་ནས། ཁོང་ཚོས་དཀའ་སྤྱད་འབད་བརྩོན་བྱས་པར་བྱམས་བརྩེའི་འཚམས་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    ལིའུ་ཅང་དང་བཅས་པ་རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་ཕེབས་ནས་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་རང་སྐྱོང་ལྗོངས་གསར་འགྱུར་ཚན་པའི་འཐབ་ས་དང་པོའི་གསར་འགྱུར་ལས་དོན་པ་དང་སྤེལ་རེས་གནང་སྟེ། རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་འཕྲིན་སྤེལ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། ཉིན་ཤས་བསྟུད་མར། ཚང་མས་ཆབ་སྲིད་ཀྱི་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་ཀའི་ཧུར་སེམས་ཆེན་པོའི་ཐོག་ནས་ཚོགས་འདུ་གཉིས་ཀྱི་གསུང་སྒྲ་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། གསོན་ཉམས་དོད་པ་བཅས་ཀྱི་སྒོ་ནས་བརྒྱུད་བསྒྲགས་བྱས་པ་དང་། ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་གསར་འགྱུར་འཕྲིན་སྤེལ་ལས་འཐུས་མི་དང་ཨུ་ཡོན་ཚོའི་འགན་སྒྲུབ་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་ཅེས་གསུངས་པ་རེད།

    ལིའུ་ཅང་གིས་གསུངས་དོན། 2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཞིག་ཡིན་ལ། ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཚུགས་ཀྱི་ལོ་ཞིག་ཀྱང་རེད། རྒྱ་ཆེའི་གསར་འགྱུར་ལས་དོན་པས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་ལ་སྟངས་འཛིན་ནན་པོ་བྱས་ཏེ། ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ། ཏང་གིས་སྨྱན་སྦྱོར་ལ་དོ་དམ། ཏང་གིས་དྲ་སྦྲེལ་ལ་དོ་དམ་བཅས་བྱེད་པའི་རྩ་དོན་དོན་འཁྱོལ་ཡག་པོ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་གལ་ཆེན་སྒྲིག་འཛུགས་ཞིབ་ཚགས་བྱེད་པ། པར་ཆས་དང་སྨྱུག་རྩེ་གཞི་རིམ་ལ་ཕྱོགས་པ། གཞུང་འཁྱོངས་གསར་འབྱེད་དང་ཐོག་མའི་བསམ་འདུན་མ་བརྗེད་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་བཅས་བྱས་ཏེ་དྲང་ནུས་སྟོབས་ཆེར་གཏོང་བ་དང་། “ནུས་པ་བཞི”སྔར་བས་ལག་ལེན་བསྟར་ནས་གཞི་རིམ་དུ་རྩ་བ་ཚུགས་པ་དང་དོན་དངོས་ལ་ཟབ་འཇུག་བྱས་ཏེ་མང་ཚོགས་ཀྱིས་དང་ལེན་བྱེད་བདེ་བ་དང་མཐོང་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ། ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོ་ལེགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ལ་སྐུལ་འདེད་གཏོང་བར་རང་ལྗོངས་ལ་ཐོབ་པའི་ལག་ལེན་གྱི་གྲུབ་འབྲས་འཕྲིན་སྤེལ་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་། སྟོབས་ཤུགས་གཅིག་སྡུད། གདེང་ཚོད་ཆེར་སྐྱེད་བཅས་དེ་བས་ལེགས་པར་བྱེད་རྒྱུའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།