ཝང་ཅུན་ཀྲེང་མངའ་རིས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་བཤད་གནང་དོན།
ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་དང་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་གྱིས་ཐམས་ཅད་དོན་དངོས་ནས་འགོ་འཛུགས་པ་མཐའ་འཁྱོངས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་ཡག་པོ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

ཟླ་2ཚེས་1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་མངའ་རིས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། འདི་ནི་གྲོས་ཞིབ་མ་གནང་གོང་ཝང་ཅུན་ཀྲེང་གིས་འཐུས་མི་དང་ཕྱག་བཏང་ནས་བཀའ་མོལ་གནང་བཞིན་པ།
ཟླ་2ཚེས་1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་མངའ་རིས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ཁོང་གིས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་དང་། གཏིང་ཟབ། ཡང་དག་པ་བཅས་ཀྱི་སྒོ་ནས་ལག་བསྟར་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ལྟར། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་དང་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་གྱིས་ཐམས་ཅད་དོན་དངོས་ནས་འགོ་འཛུགས་པ་མཐའ་འཁྱོངས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་ཡག་པོ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
བསོད་ནམས་བསྟན་འཛིན་དང་། ཡོན་ཡུང་། ཟླ་བ་ཕུན་ཚོགས། མིག་དམར་བུ་ཁྲིད། མཆོག་པ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཚང་མས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་ལས་དོན་སྙན་སྒྲོན་གཞན་དག་བཅས་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་མ་ཟད། གཞི་རིམ་གྱི་སྨན་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འབྲེལ་མཐུད་ལ་མ་དངུལ་མང་དུ་གཏོང་བ། གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་ལས་བདག་སྐྱོང་བའི་ཐོབ་ཐང་མཐོ་རུ་གཏོང་བ་སོགས་ཀྱི་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གསན་གྱིན་ཟིན་བྲིས་བཏབ་པ་དང་འབྲེལ། ཚང་མ་དང་མཉམ་དུ་གནས་ཚུལ་ལ་དབྱེ་ཞིབ་དང་། གནད་དོན་ལ་ཞིབ་འཇུག བསམ་ཚུལ་སྤེལ་རེས་བཅས་གནང་ནས་ཚང་མའི་དོ་ཁུར་ལ་ལན་བསྐྱོན་པ་རེད། ཁོང་གིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མངའ་རིས་ཀྱིས་ལྗོངས་ཡོངས་དང་འདྲ་བར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མུ་མཐུད་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་བྱ་གཞག་ཁག་ལ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་བ་དང་། རྒྱ་ཆེའི་ལས་བྱེད་པ་རྣམས་ཀྱིས་དཀའ་སྡུག་ཆེ་བའི་ཁོར་ཡུག་ཁྲོད་ཏང་དང་རྒྱལ་ཁབ་ཀྱིས་དཀྲིས་པའི་ལས་འགན་ཕྲག་ཏུ་རང་འགུལ་ངང་ཁུར་ནས། འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ལས་དོན་ཧུར་ཐག་བསྒྲུབས་པ་ལས། གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས་དང་མཐའ་མཚམས་སུ་གཞི་ཚུགས་པའི་འབད་འཐབ་ཀྱི་སྤྲོ་སྣང་མངོན་ཡོད་ལ། བསམ་པའི་ཉམས་འགྱུར་དང་ལས་ཀའི་སྤྱོད་ཚུལ་བཟང་པོ་མཚོན་ཡོད་ཅེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས་མངའ་རིས་ས་ཁུལ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་ཚོ་དང་དེ་བཞིན་ཁོང་ཚོ་བརྒྱུད་ནས་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོར་ལྷག་བསམ་ཟོལ་མེད་ངང་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་མཚམས་ཤིག་རེད་ལ། མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གོ་སྐབས་གལ་ཆེན་ཤིག་ཀྱང་རེད། མངའ་རིས་ནི་གངས་ལྗོངས་ས་མཐོའི་ནུབ་རྒྱུད་ཀྱི་མུ་ཏིག་ལྟ་བུ་ཡིན་ཞིང་། དེ་གར་དམིགས་བསལ་གྱི་ས་བབ་དང་། མཛེས་ཤིང་ཡིད་དུ་འོང་བའི་རང་བྱུང་ཡུལ་ལྗོངས། ཡུན་རིང་བའི་ལོ་རྒྱུས་རིག་གནས། ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལྡན་པས། འཕེལ་རྒྱས་ནི་དུས་སྐབས་དང་ཏག་ཏག་འཁེལ་བ་དང་། མདུན་ལམ་རྒྱ་ཆེ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡོད། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི“དོན་ཆེན་བཞིར”གོ་བ་ཟབ་མོ་ལེན་པ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་དང་ཡུན་རིང་གི་ལས་དོན་ཞིག་ཡིན་པས། གོ་བ་ཆ་ཚང་བ་ལེན་པ་དང་། སྤྱི་འདོམས་ངང་སྐུལ་འདེད་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དག་གཞི་རིམ་དང་ཞིང་འབྲོག་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཏེ། ཚང་མར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་འཛད་མེད་བཅས་གཏིང་ཟབ་ཚོར་དུ་འཇུག་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་ཁྲིད་སྟོན་གྱིས“ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས”པའི་གསོན་ཉམས་དོད་པའི་ལེའུ་མུ་མཐུད་རྩོམ་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཁྲིམས་བཞིན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཡུན་རིང་བདེ་འཁོད་ཆེད་རྨང་གཞི་བརྟན་པོ་འདིང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཁྲིམས་བཞིན་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ་མཐའ་འཁྱོངས་བཅས་བྱས་ཏེ། འཐབ་ཇུས་ཐད་ངེས་ཤུགས་རྒྱུན་འཁྱོངས་དང་འཐབ་རྩལ་ཐད་ཇུས་འགོད་ཞིབ་ཚགས། ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ། ཞབས་ཞུ་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ། ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་དང་ཁྲིམས་བཞིན་ལས་དོན་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་བཞིན་འགན་སྲུང་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ཏན་ཏིག་བྱེད་པ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་ཅན་གྱི་སྒོ་ནས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ། མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་པ། མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་དུ་མེས་རྒྱལ་མཐའ་མཚམས་སྲུང་སྐྱོང་དང་མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཐམས་ཅད་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ལས་དོན་ཇུས་འགོད་དང་དེར་སྐུལ་འདེད་གཏོང་བ། རང་ངོས་ཀྱི་ནུས་པ་དང་སྤྱི་ཡོངས་ཀྱི་དགོས་མཁོ་ཁ་གསལ་བཟོ་བ། དུས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་འཚམ་པ་བཅས་བྱས་ཏེ་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། ལེགས་ཆ་འདོན་སྤེལ་དང་དགེ་སྤེལ་སྐྱོན་སྤང་བྱེད་པ། ཞང་ཞུང་དང་གུ་གེ་སོགས་ལོ་རྒྱུས་རིག་གནས་ཐོན་ཁུངས་ཀྱི་ནང་དོན་ཚན་རིག་དང་མཐུན་པའི་འཆར་འགོད་དང་སྔོག་འདོན་གཏིང་ཟབ་བྱེད་པ། གནའ་རྫས་རྟོག་ཞིབ་ལས་དོན་དང་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་གཏེར་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནུས་ལྡན་མ་འཇོག་རྒྱ་ཆེར་ཧུར་ཐག་གཏོང་བ་བཅས་བྱས་ནས། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཟམ་མི་ཆད་པར་འགྱུར་བར་བྱེད་དགོས། སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ས་བབ་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་མི་སྣ་འགྲོ་འོང་དང་ཚོང་ཟོག་འཁོར་རྒྱུག་ལ་སྔར་བས་སྟབས་བདེ་སྐྲུན་པ་དང་། མཐའ་མཚམས་ཚོང་དོན་གྱི་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་ནས་ས་གནས་དེ་གའི་འཛད་སྤྱོད་ཁྲོམ་ར་འཕེལ་བར་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱེད་དགོས་ཤིང་། མི་སེམས་ནི་ཆབ་སྲིད་ཆེ་ཤོས་དང་དམངས་འཚོ་ནི་འཕེལ་རྒྱས་ཀྱི་དམིགས་ཡུལ་ཡིན་པས། “དམིགས་པ་ལྔར”གཞིགས་ཏེ་སྨན་བཅོས་མ་ལག་འཛུགས་མགྱོགས་སུ་གཏོང་བ་དང་། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོན་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་དབུལ་ལོག་དང་དབུལ་འགྱུར་སྔོན་འགོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། དམིགས་ས་ཡོད་པའི་སྒོ་ནས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པ་དང་། ཚན་རིག་ལག་རྩལ་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་ལ་འདེགས་སྐྱོར་བྱེད་པ། སྐྱེ་ཁམས་མ་ལག་གལ་ཆེན་ལ་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། ས་མཐོའི་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་སྲིད་དམག་ཉེན་དམངས་ཀྱི་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་འགན་ལེན་བྱེད་དགོས། རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། མཐའ་མཚམས་ས་ཁུལ་སྐྲུན་མགྱོགས་སུ་གཏོང་བ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་གཏོང་དགོས། དཀའ་ཚེགས་ཇི་ཙམ་ཆེ་བའི་ཁོར་ཡུག་འོག་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ཁུང་ཧྥན་སེན་གྱི་སྙིང་སྟོབས་དེ་ཙམ་གྱིས་མུ་མཐུད་དར་སྤེལ་གཏོང་བ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་། གསར་བརྗེའི་ཁྲག་རྒྱུན་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། ཏང་འཛུགས་སྐྱོང་གི་གསར་བརྗེའི་ཁྱམས་རིང་འདུ་འགོད་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ་རིམ་ཁག་ཏང་རྩ་འཛུགས་དེ་བས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་འདོན་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། གཞི་རིམ་གྱི་འཐབ་ས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། བཀོལ་སྤྱོད་བཅས་བྱ་རྒྱུར་སྣང་ཆེན་བྱེད་པ། ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ། ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་ལས་བཟོའི་འཁོར་ཞག་དང་ལུས་ཁམས་བདེ་སྲུང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། ཁོང་ཚོར་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཡག་པོ་སྐྲུན་དགོས། རྒྱ་ཆེའི་ལས་བྱེད་པས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཟོལ་མེད་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།