ལའེ་ཅའོ་དང་། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་བཅས་ཀྱིས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིཌ་པ་དང་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུཌ་པ།
ཚེས་30ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་ཨུ་ཡོན་རྣམས་ཀྱིས་ཚོགས་ཆུང་ཁག་བགོས་ཀྱིས《སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》དང《སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》ལ་གྲོས་བསྡུར་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལའེ་ཅའོ་དང་། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་སོགས་རིགས་ཁོངས་ཁག་གི་ཚོགས་ཆུང་དུ་ཕེབས་ནས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་པ་རེད།
ལའེ་ཅའོ་ཡིས་རིག་གནས་སྒྱུ་རྩལ་རིགས་ཁོངས་དང་གསར་འགྱུར་དཔེ་སྐྲུན་དང་སྤྱི་ཚོགས་ཚན་རིག་རིགས་ཁོངས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས་བསྟན་དོན། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དེ་ཀྲུང་དབྱང་གི་དགོངས་དོན་ལ་དམ་པོར་དམིགས་པ་དང་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དོན་དངོས་དང་མཐུན་ལ་ཆ་ཚང་བ་དང་། བཀྲག་མདངས་འཚེར་ས་མངོན་གསལ་དོད་པ། ལས་དོན་འཆར་འགོད་ཀྱི་བསམ་ཕྱོགས་དང་གཙོ་གནད་ཁ་གསལ་བ་བཅས་ཡོད་པ་དེ་ཐོག་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཁྲོད་སྲིད་གྲོས་ཀྱིས་ལས་དོན་ཧུར་ཐག་བསྒྲུབས་པ་མཚོན་ཞིང་། དེ་ནི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྤྱི་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་གཞོལ་བ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། རིག་གནས་སྒྱུ་རྩལ་རིགས་ཁོངས་དང་གསར་འགྱུར་དཔེ་སྐྲུན་དང་སྤྱི་ཚོགས་ཚན་རིག་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་འགན་སྒྲུབ་ཀྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་གྲོས་མོལ་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པར་ཞབས་འདེགས་ཞུ་བ་དང་། དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བར་དམིགས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག དམངས་གཙོའི་ལྟ་སྐུལ་བཅས་བྱེད་དགོས།
རེན་ཝེ་ཡིས་དཔལ་འབྱོར་དང་སྐྱེ་ཁམས་རིགས་ཁོངས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས་བསྟན་དོན། སྙན་སྒྲོན་གཉིས་ཀྱི་ནང་དོན་ཞིབ་ཅིང་ཕྲ་བ་དང་། གཙོ་གནད་མངོན་གསལ་དོད་པ། བྱེད་ཐབས་ཏན་ཏིག་བཅས་ཡོད་པས་སྤུས་ཚད་ལེགས་པ་དང་ནང་དོན་གཏིང་ཟབ་ལྡན་ཡོད། མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་ལས་ཁུངས་ཤིག་ཡིན་པའི་ངོས་ནས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་འཁྲི་ཧ་ཅང་ལྕི་པོ་འཁུར་ཡོད་པས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ངང་ཏང་གི་འདོད་ཚུལ་དེ་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ལ་བསྒྱུར་ནས་ངོས་འཛིན་གཅིག་སྒྲིལ་ཐད་མིག་དཔེ་བྱེད་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གནད་ལ་འཁེལ་བའི་ཐབས་འདོན་ཇུས་འབུལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་བྱེད་དགོས། རང་གཅུན་ནན་པོ་བྱེད་པ་དང་གཟུགས་བརྙན་བཟང་པོ་བཏོད་དེ་མང་ཚོགས་དང་འབྲེལ་གཏུག་དང་མཉམ་ལས་མཉམ་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་ནུས་ལྡན་བཏང་ནས་རང་ངོས་འཛུགས་སྐྱོང་ཐད་མིག་དཔེ་བྱེད་དགོས།
ཤའོ་ཡིའུ་ཚའེ་ཡིས་ཞིང་ལས་དང་གྲོང་གསེབ་རིགས་ཁོངས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས་བསྟན་དོན། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་འགོ་ནས་མཇུག་བར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཁྱབ་པ་དང་། སྙན་སྒྲོན་གྱི་འགོ་ནས་མཇུག་བར་སྲིད་གྲོས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་པས་ཆབ་སྲིད་འཛུགས་སྐྱོང་ཐད་ཁ་ཕྱོགས་མི་འཛོལ་བ་དང་། ལྟེ་བར་དམིགས་པར་ཆད་ལུས་མེད་པ། མི་དམངས་ལ་ཞབས་འདེགས་ཞུ་བར་ལྷོད་གཡེང་མི་བྱེད་པ། རང་ངོས་འཛུགས་སྐྱོང་མཚམས་འཇོག་མི་བྱེད་པ་བཅས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་མངོན་པས། དར་ཆ་མཐོན་པོར་སྒྲེང་བ་དང་། ཚན་རིག་དང་མཐུན་པའི་དམ་པ་དོན་གཉེར། སེམས་ཤུགས་རབ་སྤེལ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། ཁོང་གིས། ཞིང་ལས་དང་གྲོང་གསེབ་རིགས་ཁོངས་ཀྱི་ཨུ་ཡོན་རྣམ་པ་ནི“ཞིང་གསུམ”འཐབ་ཕྱོགས་སུ་རྩ་བ་ཚུགས་པ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཚང་མས་ཞིང་ནང་དང་མུ་ཁར་བསྐྱོད་ནས“ཇུས་འདོན་ཚོགས་པ”ཡག་པོ་བྱས་ཏེ་གནས་ཚུལ་དངོས་ལ་བརྟག་དཔྱད་གཏིང་ཟབ་བྱེད་པ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་གཏིང་ཟབ་བྱས་ནས“དཀའ་གནད”དེ“ཞིབ་འཇུག་བྱ་གཞི”དང་། “ཞིང་ནང་དང་མུ་ཁ”དེ“འགན་འཁྲི་སྒྲུབ་ཡུལ”དུ་བརྩིས་ནས་གྲོས་གཞི་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་དངོས་དང་ཐབས་ཇུས་ཡག་པོ་ཞིག་ཏུ་འགྱུར་བར་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། སྲིད་གྲོས་ཀྱི་བློ་གྲོས་དང་ཞིང་ལས་དང་གྲོང་གསེབ་རིགས་ཁོངས་ཀྱི་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།
ཟླ་བ་ཚེ་རིང་གིས་གྲངས་ཉུང་མི་རིགས་རིགས་ཁོངས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས་བསྟན་དོན། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དོན་དངོས་དང་མཐུན་ལ་ཆ་ཚང་བ་དང་བཀོད་སྒྲིག་ལས་དོན་གནད་ལ་འཁེལ་ཞིང་ནུས་པ་དང་ལྡན་པས། དེ་ནི་དམ་པ་དོན་གཉེར་དང་སྙིང་སྟོབས་རབ་འཕེལ་གྱི་སྙན་སྒྲོན་ཡག་པོ་ཞིག་རེད། གྲངས་ཉུང་མི་རིཌ་རིགས་ཁོངས་ཀྱིས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། རང་རྟོགས་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་ལངས་ཏེ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། གཙོ་གནད་ལས་དོན་ལ་དམིགས་པ། བརྟག་ཞིབ་གཏིང་ཟབ་བྱེད་པ། ཐབས་ཇུས་དང་གྲོས་འགོ་འདོན་པ་བཅས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”ལས་འགན་ཁག་དོན་འཁྱོལ་ཐུབ་སྟེ་ཕན་འབྲས་ཐོན་རྒྱུར་རམ་འདེགས་བྱེད་དགོས།
བསོད་ནམས་ཉི་མས་ཆོས་ལུགས་རིགས་ཁོངས(ནང་བསྟན་མཐུན་ཚོགས)ཀྱི་གྲོས་བསྡུར་ནང་ཞུགས་སྐབས་བསྟན་དོན། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་དེ་བཞིན་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་དེ་བཞིན་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་བསྟར་བ། གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ། 2026ལོའི་དམིགས་ཚད་ལས་འགན་གྱི་ཚུགས་གནས་མཐོ་བ་དང་། ཚན་རིག་དང་མཐུན་ལ་བརྒྱུད་རིམ་ལྡན་པ། གཙོ་གནད་མངོན་གསལ་དོད་པ་བཅས་ཡོད་པས་ང་རྦད་དེ་མོས་མཐུན་ཡོད། ཁོང་གིས། ཆོས་ལུགས་རིགས་ཁོངས(ནང་བསྟན་མཐུན་ཚོགས)ཀྱི་ཨུ་ཡོན་ཚོས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་རྣམ་པ་བཟང་པོར་ལྷག་པར་གཅེས་སྤྲས་དང་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
བསྟན་པས་དཔལ་འབྱོར་དང་སྐྱེ་ཁམས་རིགས་ཁོངས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས་བསྟན་དོན། སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ནང་དོན་དོན་དངོས་དང་མཐུན་པ། གཙོ་གནད་འབུར་དུ་ཐོན་པ། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་འགན་སྒྲུབ་གནས་ཚུལ་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ། ལས་ཀའི་རྣམ་པ་གསར་གཏོད་དང་གྲུབ་འབྲས་ཀྱི་བཀྲག་མདངས་འཚེར་ས་མང་པོ་མངོན་པ། སྤུས་ཚད་མཐོ་བའི་གྲོས་མོལ་ལ་བརྟེན་ནས“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་རོགས་བྱས་པ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ལོའི་ལས་དོན་བཀོད་སྒྲིག་གི་དམིགས་ཚད་ཁ་གསལ་བ་དང་། ལས་འགན་ཞིབ་ཕྲ བྱེད་ཐབས་ནུས་ལྡན་བཅས་ཡོད་པས། སྲིད་གྲོས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་གང་ལེགས་མངོན་པ་མ་ཟད། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་རང་འགན་ཐེག་པ་ཁུར་ལེན་ཡང་གང་ལེགས་མངོན་པར་བྱས་ཡོད། ཨུ་ཡོན་ཚོས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲོས་འགོ་ཡག་པོ་འདོན་པ་དང་། ཇུས་བཟང་འདོན་པ། མིག་དཔེ་གཏོད་པ་བཅས་ཧུར་ཐག་བྱེད་རྒྱུའི་རེ་བ་ཡོད། ང་ཚོས་ཚང་མའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་དང་། བསྡུ་ལེན་གང་ལེགས། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ་ཡིན།
ཅང་ཝུན་ཕེང་གིས་ཀྲུང་གོ་གུང་ཁྲན་ཏང་རིགས་ཁོངས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས་བསྟན་དོན།“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་རམ་འདེགས་བྱ་རྒྱུ་ནི་ད་ལོའི་སྲིད་གྲོས་འགན་སྒྲུབ་ཀྱི་བརྗོད་དོན་གཙོ་བོ་ཞིག་རེད། ཨུ་ཡོན་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་འགོ་ཁྲིད་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། སྤྱི་ཡོངས་བཅས་ཀྱི་སྒོ་ནས་ལས་ཀའི་འཆར་འགོད་དང་། འགན་ནུས་ལག་བསྟར། རང་ངོས་འཛུགས་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་ཐུབ་རྒྱུ་མཐའ་འཁྱོངས་བྱས་ནས། ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་ཐབས་འདོན་ཇུས་འབུལ་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།