དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་འཚོགས་པ།

    ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-29

    ཚེས་27ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།

    རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་47ཚོགས་འདུར་ཞུགས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་མཚན་དང་། འཇམ་དཔལ། ཀྲང་ཧུང་པོ། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའ་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་སྦྲགས། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུན་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》དང་། 《བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》བཅས་ལ་གྲོས་ཞིབ་བྱས་པ་མ་ཟད་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས། གྲོས་གཞི་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ་རེད།(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན(མ་ཟིན)》ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་སྟེ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ་དང་། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལ་གྲོས་འཆམ་བྱུང་བ། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ(འཆར་ཟིན)》ལ་གྲོས་འཆམ་བྱུང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་ཐག་བཅད་པ། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོ(འཆར་ཟིན)》ལ་གྲོས་འཆམ་བྱུང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུར་འདེམས་བསྐོ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཟུར་ཞུགས་མི་སྣའི་མཚན་ཐོ》ལ་གྲོས་འཆམ་བྱུང་བ། འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་སྤྱི་བསྒྲགས་མ་ཟིན་སོགས་ལ་གྲོས་འཆམ་བྱུང་བ་བཅས་རེད།

    ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་གྱི་དོན་གནད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས་ཕུན་ཚོགས་བསྟན་འཛིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པར་བསྐོ་གཞག་ཡི་གེ་གནང་བ་རེད།

    ཚོགས་འདུའི་གྲོས་རིམ་གྱི་བཀོད་སྒྲིག་གཞིར་བཟུང་། ཚེས་27ཉིན་གྱི་སྔ་དྲོར་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། འཚོག་ཉེར་ཡོད་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཚོགས་འདུར་ཞུགས་མཁན་འཐུས་མིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ཏེ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་འགན་འཁྲི་གང་ལེགས་བསྒྲུབས་ཏེ་ཚོགས་ཆེན་བདེ་བླག་ངང་འཚོགས་པ་དང་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས། དམངས་གཙོའི་དོན་གྲོས་ཀྱི་རྣམ་པ་བཏོད་དེ་སྒོ་མོ་ཕྱེ་ནས་གྲོས་འགོ་དང་ལེན་དང་གཏམ་རྒྱ་ཡངས་པོར་འབྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ཁྲོད་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ནུས་པ་སྔར་བས་ལེགས་པར་འདོན་དགོས་པ་དང་། འཐུས་མིའི་བྱེད་པོའི་ནུས་པ་མངོན་པར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་དམངས་ཀྱི་གནས་ཚུལ་རྒྱུས་ལོན་གཏིང་ཟབ་དང་། དམངས་འདོད་དངོས་མཚོན་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་རྒྱ་ཁྱབ་བཅས་བྱས་ཏེ་མི་དམངས་ཀྱི་ཆེད་དུ་སྐད་ཆ་ཤོད་པ་དང་མི་དམངས་ལ་འགན་འཁུར་བ་དང་། འགན་སྒྲུབ་ཐེག་ཁུར་དང་འགན་འཁྲི་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“མི་དམངས་ཀྱིས་ང་འཐུས་མིར་བདམས་པས། ངས་འཐུས་མི་བྱས་ནས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་དགོས”པའི་བརྗིད་ཆེའི་ཁས་ལེན་ལག་ལེན་གཏིང་ཟབ་བསྟར་དགོས་པ། ཞབས་ཞུ་འགན་སྲུང་གི་ཆུ་ཚད་མཐོ་རུ་བཏང་སྟེ། ཧ་ཅང་འགན་ཁུར་བའི་ལས་ཀའི་རྣམ་འགྱུར་དང་། རང་འགུལ་ངང་ལས་དོན་སྒྲུབ་པའི་ལས་བཀུར་གྱི་སྙིང་སྟོབས། སྒམ་ནན་ཞིབ་ཚགས་ཀྱི་ལས་ཀའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ལུས་སེམས་གཉིས་ཀ་ཚོགས་ཆེན་གྱི་གྲ་སྒྲིག་དང་ཞབས་ཞུ་འགན་སྲུང་ལས་ཀར་འཇོག་པ་དང་། ནུས་ཤུགས་ཡོད་རྒུས་ཚོགས་ཆེན་སྒྲིག་འཛུགས་ཡག་པོ་དང་ཞབས་འདེགས་ཡག་པོ་ཞུས་ཏེ་དམ་པ་དོན་གཉེར་དང་ཕན་ནུས་ཆེ་བའི་ཚོགས་ཆེན་གཉེར་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཚོགས་འདུ་འཚོག་རིང་། རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་རེ་གཉིས་པ་གཙོ་སྐྱོང་གནང་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།