རྡོ་རྗེ་ཚེ་སྒྲུབ་སོགས་བློ་མཐུན་10ཡིས་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།
(2026ལོའི་ཟླ་1ཚེས་26ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)
བློ་མཐུན་རྡོ་རྗེ་ཚེ་སྒྲུབ་དང་བཀྲ་ཤིས་ཟླ་བ་རྣམ་གཉིས་ལས་འགན་འཁུར་བའི་ལོ་ཚད་ཀྱི་རྒྱུ་རྐྱེན་དང་། རྡོ་རྗེ་དགྲ་འདུལ་དང་། ཐན་ཁྲེང་ཧྥུའུ། དབྱིན་ཧུའེ་ཤིན། ཝུའུ་པོ། བསོད་ནམས་མཚོ་མོ་བཅས་བློ་མཐུན་5རྒན་ཡོལ་ཞུས་པ། སྐལ་བཟང་ཟླ་བ་དང་། ལི་ཝུན་ཧུའེ། ཀྲང་ཀོང་ཞན་བཅས་བློ་མཐུན་3བོད་ནས་ལས་སྒྱུར་བྱས་པ་བཅས་ཀྱི་དབང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱ་རྒྱུའི་རེ་འདུན་ཞུས་པ་བཞིན། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》གི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་གཞིར་བཟུང་། རྡོ་རྗེ་ཚེ་སྒྲུབ་དང་། བཀྲ་ཤིས་ཟླ་བ། རྡོ་རྗེ་དགྲ་འདུལ། ཐན་ཁྲེང་ཧྥུའུ། དབྱིན་ཧུའེ་ཤིན། ཝུའུ་པོ། བསོད་ནམས་མཚོ་མོ། སྐལ་བཟང་ཟླ་བ། ལི་ཝུན་ཧུའེ། ཀྲང་ཀོང་ཞན་བཅས་བློ་མཐུན་10ཡི་དགོངས་ཞུ་དང་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།