ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་རིགས་པའི་གཞུང་ལུཌ་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་དང་པོ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ) ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་གཅིག་སྡུད་སློབ་སྦྱོང་བྱས་པ་དང་སྦྲགས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་ལག་བསྟར་དོན་འཁྱོལ་དང་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཡིན་ལ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་དགོངས་པའི་ངོ་བོར་གོ་བ་གཏིང་ཟབ་ལེན་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི“རྩ་འཛིན”དང“བླ་སྲོག”ལྟ་བུར་བརྩིས་ནས་ཟབ་སྦྱོང་མཐིལ་རྟོགས་དང་། མཐའ་གསལ་མཐིལ་རྟོགས། ཤེས་སྦྱོར་གཅིག་མཐུན་བཅས་ཀྱི་ཐད་འབད་བརྩོན་བྱས་ཐོག ཆབ་སྲིད་ཀྱི་རང་རྟོགས་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཤུགས་ཆེན་ལ་བརྟེན་ནས་དོན་སྙིང་གཙོ་བོ་ཁོང་དུ་ཆུད་པ་དང་། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་ཁྲིམས་སྐྱོང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཁྲིམས་སྐྱོང་འཛུགས་སྐྱོང་ལ་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་བརྟན་པོར་འཁུར་དགོས། གོང་དཔེ་འོག་སྟོན་མཐའ་འཁྱོངས་བྱས་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་གང་ལེགས་བཏོན་ཐོག་ཚང་མའི་སྣེ་ཁྲིད་དེ་བཅའ་ཁྲིམས་ལ་བརྩི་སྲུང་དང་ལག་བསྟར་བྱས་ནས། ཁྲིམས་བཞིན་ལས་དོན་སྒྲུབ་པ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་སེལ་དུས་ཁྲིམས་ལ་བརྟེན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ཀྱིས་ཤུགས་རྒྱག་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་འགན་ལེན་བྱེད་དགོས། ཏང་དང་ཁྲིམས་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཐོག་སྒྲིག་ཁྲིམས་ནི་བཅའ་ཁྲིམས་ལས་ནན་པ་དང་སྒྲིག་ཁྲིམས་བཅའ་ཁྲིམས་ཀྱི་སྔོན་ལ་འཇོག་དགོས་པ་བློ་ལ་བརྟན་པོར་ངེས་ནས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་སྔར་བས་དམ་འཛིན་བྱས་ཏེ། ཁྲིམས་ལྟར་བོད་སྐྱོང་བའི་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས།
འབྲེལ་ཡོད་གསར་འགྱུར།