རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་2025ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་དང་ཕྱོགས་སྡོམ་གསུང་བཤད་གནང་བ།
ཚེས་15ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་2025ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པར་དམིགས་ནས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་དང་། བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལྟ་བསྡུར་ཞིབ་བཤེར་དང་ཏང་གཤིས་དབྱེ་ཞིབ། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བཅས་བྱས་ཏེ་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བར་སྐུལ་འདེད་བཏང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་རེད།
ཚོགས་འདུ་མ་འཚོག་གོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་ལྟ་བསྡུར་ནན་པོ་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཕྲ་ལེན་པ་དང་། བློ་བསྡུས་དགེ་འཚོལ། ལྷག་བསམ་ཟོལ་མེད་ཀྱིས་སེམས་གཏམ་ཤོད་རེས། བཤེར་འདོན་གཏིང་ཟབ་བཅས་བྱས་ཏེ། གྱོད་དཔེ་དྲངས་ནས་ཀུན་སྤྱོད་གླེང་བ་དང་། གྱོད་དཔེ་དྲངས་ནས་སྒྲིག་ཁྲིམས་གླེང་བ། གྱོད་དཔེ་དྲངས་ནས་འགན་འཁྲི་གླེང་བ་བཅས་མཐའ་འཁྱོངས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པར་རྨང་གཞི་བཏིང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དག་ཐེར་གནས་ཚུལ་དང་། 2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་དཔེ་དྲངས་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་བྱ་ཐབས་དོན་འཁྱོལ་བྱས་ཚུལ། 2025ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཚན་ཁག་དང་ཁོངས་མིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཚུལ་སྐོར་གྱི་སྙན་ཞུ་བཅས་བརྡ་ཁྱབ་བཏང་བ་རེད། ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་དང་སྣེ་ཁྲིད་ནས་མི་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་གནང་སྟེ། རང་སྐྱོན་རང་བརྗོད་བྱས་ནས་རང་འགུལ་ངང་སྐྱོན་བརྗོད་དང་ལེན་གནང་བ་རེད། ཏང་ཙུའུ་ཡི་ཁོངས་མི་གཞན་དག་གིས་རེ་རེ་བཞིན་གཏམ་བཤད་བྱས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱས་ཡོད། ལྟ་བསྡུར་ཞིབ་བཤེར་བྱས་པ་བརྒྱུད། ཚང་མས་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་པ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་བ། འགན་འཁུར་སྙིང་སྟོབས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། དད་མོས་བརྟན་པོ་དང་ལག་ལེན་ནན་པོ་བསྟར་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་གོང་བཀུར་ཞུ་མཁན་བྱས་ཏེ་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་བྱེད་པ་དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དུ་བརྩི་བ་དང་ཏང་གིས་འགོ་ཁྲིད་བྱ་རྒྱུ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། དམངས་ཆེད་དངོས་སྒྲུབ་བྱས་ནས་དངོས་འཛིན་དངོས་སྒྲུབ་ཀྱི་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་མཁན་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་སུ་བཞག་ནས་གཞི་རིམ་དང་འཐབ་ཕྱོགས་དང་པོར་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་། དམངས་ཀྱི་བསམ་འདུན་ཉན་པ། དམངས་ཀྱི་བློ་གྲོས་བསྡུ་བ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱེད་དགོས། འགན་འཁྲི་ཁུར་ཕོད་པ་བྱས་ཏེ། རང་རྟོགས་ངང“དོན་ཆེན་བཞིར”སྐུལ་འདེད་གཏོང་མཁན་ཞིག་བྱས་ཏེ། ཁྲིམས་འཛུགས་ལ་བརྟེན་ནས་རྩ་བ་བརྟན་དུ་དང་། ལྟ་སྐུལ་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་གཏོང་། འཐུས་མིར་བརྟེན་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་དང་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། རང་གཅུན་ནན་པོ་བྱས་ཏེ་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་མཁན་དཔེ་བཟང་ཞིག་བྱས་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་འགན་འཁྲི་རང་རྟོགས་ངང་ཁུར་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ་དང་། རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་དེ་རང་ཉིད་ལ་དོ་དམ་ཡག་པོ་དང་དཔུང་ཁག་ཡག་པོ་ཁྲིད་ནས་མི་ཆོས་གཙང་མ་དང་གཞུང་དྲང་ལས་སྒྲུབ་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཚན་ཁག་གི་ཁོངས་མི་འཇམ་དཔལ་དང་། ཀྲང་ཧུང་པོ། ལི་ཝུན་ཀེ། སུན་ཤན་ཀྲུང་། ལིའུ་ཀོང་ཞུས་བཅས་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།