དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་2025ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཕྱོགས་སྡོམ་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-18

    ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཟླ་1ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་2025ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་སྐོར་ཞིབ་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱེད་པར་དམིགས་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་སྐོར་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ལྟ་བསྡུར་ཞིབ་བཤེར་དང་ཏང་གཤིས་དབྱེ་ཞིབ། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བཅས་བྱས་ཏེ། དེ་བས་ཏན་ཏིག་དང་ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཕྱོགས་སྡོམ་གསུང་བཤད་གནང་ཞིང་། 2025ལོའི་ལོ་འཁོར་གྱི་ཞིང་ཆེན་དང་པུའུ་རིམ་པའི་ཚན་པའི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བརྒྱད་པ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཚོགས་པར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཚོགས་འདུ་མ་འཚོགས་གོང་། རྒྱུན་ཨུ་བློ་མཐུན་ཚོས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་དང་། སྙིང་གཏམ་ཤོད་རེས་གཏིང་ཟབ། ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་གནད་དོན་བཤེར་འདོན། ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་དབྱེ་ཞིབ་བཅས་བྱས་ཏེ། དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཚོགས་པར་གྲ་སྒྲིག་གང་ལེགས་བྱས་ཡོད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་དང་འབྲེལ། སྣེ་ཁྲིད་དེ་མི་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་ཡང་གནང་བ་རེད། རྒྱུན་ཨུ་བློ་མཐུན་ཚོས་རེ་རེ་བཞིན་ལྟ་བསྡུར་ཞིབ་བཤེར་གནང་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་གནང་ཞིང་། ཚང་མས་རང་ཉིད་དང་། འགན་འཁྲི། ལས་དོན་བཅས་དེའི་ནང་དུ་འཇོག་པ་མཐའ་འཁྱོངས་བྱས་ཏེ་སྤྱིའི་བླང་བྱར་དམིགས་པ་དང་། ཞིབ་ཕྲའི་དམིགས་ཚད་དང་ལྟ་བསྡུར། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཛེམས་མེད་དམར་འདོན་བྱེད་ཕོད་པ་བཅས་བྱས་ནས་མི་སྣ་དང་། བྱ་བ། བསམ་གཞི་བཅས་མངོན་པ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་དཔྱད་གཞིར་འཛིན་པ། གྱོད་དཔེར་བརྟེན་ནས་ཉེན་བརྡ་གཏོང་བ་དང་གྱོད་དཔེར་བརྟེན་ནས་བསླབ་འདོམས་བྱེད་པ་བཅས་བྱས་པས། བསམ་བློའི་ངོས་འཛིན་དེ་བས་གཅིག་གྱུར་དང་འབད་འཐབ་ཀྱི་ཁ་ཕྱོགས་ཁ་གསལ་བྱུང་ནས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད།

    ཝང་ཅུན་ཀྲེང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་དམིགས་ནས། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་ནས། ང་ཚོའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ལ་ཟམ་མི་ཆད་པར་སྒྱུར་བཀོད་དང་ཏང་གཤིས་བློ་སྦྱོང་ཟབ་ཏུ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རྒྱུན་ཨུ་བློ་མཐུན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་ཀྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པ་བྱས་ནས། རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས། སྣེ་གཉིས་ལ་དམ་འཛིན་དང་བར་རྒྱུད་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་གཞི་རིམ་གྱི་འཐབ་ས་དང་པོ་དང་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱས་ནས། ཚང་མས་གོ་ཐུབ་པ་དང་། རྟོགས་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་ནས། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང“སྲུང་སྐྱོང་གཉིས”ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩིས་ནས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་གནད་འཁེལ་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་དང་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལ་བརྩི་སྲུང་ནན་པོ་ཞུ་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་གསལ་ཤེས་པ་དང་གཞུང་དྲང་བ་ཞིག་བྱེད་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་དགོས་ཤིང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་བ་དང་པོའི་འགན་འཁྲི་བརྟན་པོ་འཁུར་བ། འགོ་ཁྲིད་ཚན་ཁག་གི་ཁོངས་མིས“གནས་གཅིག་འགན་གཉིས”ལག་བསྟར་ཡག་པོ་བྱེད་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་རང་རྟོགས་ངང་ལམ་ལུགས་དང་སྒྲིག་ལམ་གཞིར་བཟུང་བྱ་བ་སྒྲུབ་པ་དང་མི་གཞན་ལ་སྒྲུབ་དགོས་པའི་བླང་བྱ་བཏོན་རིགས་སྔོན་ལ་རང་ཉིད་ཀྱིས་སྒྲུབ་ཐུབ་པ་དང་། མི་གཞན་ལ་སྒྲུབ་མི་རུང་བའི་བླང་བྱ་བཏོན་རིགས་སྔོན་ལ་རང་ཉིད་ཀྱིས་མི་སྒྲུབ་པ་བཅས་བྱས་ཏེ། རང་གཅུན་ནན་པོ་དང་། རང་འགན་ནན་འཁུར། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་དངོས་སུ་ཐུབ་པར་བྱེད་དགོས། “རུལ་སུངས་མི་བྱེད་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། དུས་དང་རྣམ་པ་ཀུན་ཏུ་རང་ངོས་གསར་བརྗེའི་རྩ་བ་དེ་དམ་པོར་བཟུང་བ། ངན་རུལ་མཉམ་བཤེར་མཉམ་བཅོས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། དཔེ་མཚོན་གྱིས་ལམ་སྣེ་ཁྲིད་པར་སྣང་ཆེན་བྱེད་པ། གྱོད་དཔེར་བརྟེན་ནས་སྒྲིག་ཁྲིམས་ལ་གསལ་འགྲེལ་དང་། གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་གཏོང་། གྱོད་དཔེར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་གཏོང་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། ཀྲུང་དབྱང་སྐོར་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བརྒྱུད་རིམ་གྱི་ལྟ་བ་ཟབ་ཏུ་གཏོང་བ། ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་དབྱང་སྐོར་ཞིབ་ཀྱི་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས། གསལ་ཐོ་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སྒྲུབ་ཟིན་པའི་དུས་ཚད་ཁ་གསལ་བཟོ་བ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བར་ཁུག་ཆ་དང་གྲིབ་ཆ་མི་ལུས་པ་བྱེད་དགོས། རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པ་བློ་ལ་བརྟན་པོར་ངེས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། “དད་མོས་དང་། དངོས་སྒྲུབ། འགན་འཁུར། རང་གཅུན”བཅས་ཀྱི་བླང་བྱ་གལ་ཆེན་གྱི་ཚད་གཞི་དང་ཡང་ཡང་བསྡུར་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། “གཞི་རིམ་དུ་སྐྱོད་པ་བཞིའི”ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པ། གནས་ཚུལ་དངོས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་། དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ་བཅས་དངོས་སུ་ཐུབ་པར་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་ཀྱིས་ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས“དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ཡག་པོ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།