དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-17

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དཔྱིད་རླུང་ལྡང་བ་ལྟར་གངས་ལྗོངས་ས་མཐོར་ཁྱབ་ནས། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་དོན་འཆར་འགོད་ཀྱི་བསམ་ཕྱོགས་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་དངོས་བཅས་སུ་བསྒྱུར་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།

    ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ནག་ཆུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་དུ་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་། ལྷ་རི་རྫོང་། སྦྲ་ཆེན་རྫོང་སོགས་སུ་བསྐྱོད་ནས“ཀྲུང་གོའི་ཕུགས་འདུན། ངལ་རྩོལ་གྱི་གཟི་བརྗིད། བློ་སྒྲིལ་སེམས་སྐྱེད་ཀྱིས་ཏང་གི་རྗེས་སུ་འབྲངས་བ་དང་རྒྱང་ལམ་གསར་པར་མཐུན་སྒྲིལ་འབད་འཐབ་བྱེད”བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་བཟོ་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོ་དང་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་ཏན་ཏིག་གྱུར་བར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་རྫོང་ཞོལ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་ལས་གྲུབ་པའི་མཉམ་འབྲེལ་སྒྲོག་འགྲེལ་རུ་ཁག་གིས་སྲིད་ཇུས་སྒྲོག་འགྲེལ་ལས་སྟེགས་ལ་བརྟེན་ནས“མི་དང་། ས་ཆ། གནས་ཚུལ་བཅས་ལ་རྒྱུས་མངའ་ཆེ་བའི”ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གྲོང་ཚོ(གྲོང་ལྷན)ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་བྱས་པ་རེད། གྲོང་མི་ཚོས། སྒྲོག་འགྲེལ་ནང་བཤད་པའི་སྨན་བཅོས་དང་རྒན་གསོའི་སྲིད་ཇུས་ང་ཚོ་ཚང་མས་དངོས་སུ་ལོངས་སྤྱོད་བྱེད་བཞིན་ཡོད། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ང་ཚོ་ཐུགས་ལ་བཅངས་ཡོད་པས་ང་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱས་ཐོག་གྲོང་ཚོ་དེ་བས་སྡོད་མལ་ལ་འཚམ་པར་སྐྲུན་གྱི་ཡིན་ཞེས་བཤད་པ་རེད།

    རྣམ་པ་སྣ་ཚོགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཕུད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ད་དུང་ཆེད་དོན་སློབ་སྦྱོང་ཚོགས་འདུ་དང་འགྲེམས་སྟོན་བྱེད་སྒོ་སྤེལ་བ་སོགས་བརྒྱུད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་ཚད་གཏིང་ཟབ་ཏུ་བཏང་ཡོད། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོའི་ལྷ་སར་བཅའ་སྡོད་ཏང་ཀྲི་པུའུ་ཡིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་དོན་སྙིང་གཙོ་བོ་དང་ལག་ལེན་གྱི་བླང་བྱ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་པ་དང་གོ་བ་བླངས་པ་རེད། ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་ཆེ་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པས། ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུན་མཐུད་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པའི་ངོས་འཛིན་བྱས་པ་རེད།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོར་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་ཤིང་། ངམ་རིང་དང་། འབྲོང་པ། ཁང་དམར་སོགས་རྫོང་ལྔ་ནས་ཡོང་བའི་སྒྱུ་རྩལ་ཚོགས་པ་དང་དེ་བཞིན་གཞིས་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གི་རིག་གནས་དང་བླངས་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གཞིཊ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། ཐུན་མོང་འབྱོར་ཕྱུག་སོགས་ཀྱི་བརྗོད་དོན་གལ་ཆེན་རྣམས་གླུ་གར་དང་འཁྲབ་ཚན་ཐུང་གྲས་སོགས་ཀྱི་འཁྲབ་སྟོན་ཁྲོད་དུ་མཉམ་འདྲེས་བྱས་ཏེ། མང་ཚོགས་ཀྱིས་གོ་བདེ་བའི་རྒྱུན་སྤྱོད་ཀྱི་སྐད་ཆའི་ཐོག་ནས་སྲིད་ཇུས་ལ་འགྲེལ་བཤད་གསལ་པོ་བརྒྱབ་པས་མི་སེམས་སུ་གཏིང་ཟབ་ཟུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།