དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》སོགས་ཀྱི་སྐོར་ལ་རང་སྐྱོང་ལྗོངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ།

    ​ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཀརྨ་ཚེ་བརྟན་གྱིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-16

    ཉེ་ཆར། 2026ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》དང་། དེ་བཞིན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་དང་སྔོན་རྩིས་འཆར་ཟིན་སོགས་ཀྱི་སྐོར་ལ་རང་སྐྱོང་ལྗོངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་ཉི་མས་ཁག་སོ་སོར་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་བསྟན་པ། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་སྙན་སྒྲོན་གྱི་འཆར་ཟིན་བཀོད་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་དང་། ཚོགས་ཞུགས་མི་སྣས《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》སོགས་ཀྱི་ཡིག་ཆར་ཁས་ལེན་དང་མོས་མཐུན་གང་ལེགས་བྱས་པ་མ་ཟད་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད། ཚང་མས། རང་སྐྱོང་ལྗོངས་སྲིད་གཞུང་གིས་ལོ་ལྔ་བསྟུད་མར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སོགས་ཀྱི་ཡིག་ཆའི་ཐད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་དེ་བོད་ཀྱི་ཆེས་དོན་དངོས་དང་ཆེས་ཐད་ཀའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་གྱི་གཞི་རྟེན་ཞིག་ཏུ་གྱུར་ཡོད་ལ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བློ་སེམས་གཅིག་སྒྲིལ་དང་ཤུགས་སྐྱེད་ལས་སྒྲུབ་བྱེད་པའི་རྣམ་པ་བཟང་པོའི་གཅིག་སྡུད་མཚོན་ཚུལ་ཞིག་ཏུའང་དེ་བས་གྱུར་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྲིད་གཞུང་གི་ལས་དོན་ལ་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས། 2025ལོ་ནི་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་པས། ང་ཚོས་མངགས་བཅོལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“དོན་ཆེན་བཞིར”དམིགས་པ་དང“གསར་གཏོད་བཞིར”ཤུགས་བརྒྱབ་ནས་འཕྲལ་དུ་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུས་ཡོད། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཡིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་རང་རྟོགས་ངང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་བྱས་ཏེ་འཐུས་མིའི་གྲོས་འགོ་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་སྒྲུབ་པ་དང་སྲིད་གཞུང་གི་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱ་རྒྱུ་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ནས་ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་དམ་ཟབ་བྱེད་པའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་ཞིབ་ཧུར་ཐག་དང་ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་འབྲི་རྒྱུ་ཡིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྲིད་གཞུང་གི་ལས་དོན་ལ་མུ་མཐུད་དོ་ཁུར་དང་། རྒྱབ་སྐྱོར། ལྟ་སྐུལ་བཅས་བྱས་ཏེ། སྲིད་གཞུང་གི་ལས་དོན་ལ་བརྟག་དཔྱད་ཐབས་འདོན་མང་ཙམ་དང་དམངས་འཚོའི་ཕན་བདེར་ཇུས་འདོན་ཤུགས་འབུལ་མང་ཙམ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུའི་རེ་བ་ནན་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།