དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ(སྒྲིག་གཞི་ཨུ་ལྷན་གཞུང་ལས་ཁང)ཡིས་པུའུ་ལས་ཁུངས་ཀྱི་ཁྲུའུ་དང་ཁང་གི་འགན་འཁུར་བའི་ལས་འགན་སྒྲུབ་ཚུལ་དང་སྤྱོད་གཙང་བསྐྱངས་ཚུལ་གསལ་ཞུའི་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-15

    ཚེས་12ཉིན། ལྗོངས་ཏང་ཨུད་རྩ་འཛུགས་པུའུ(སྒྲིག་གཞི་ཨུ་ལྷན་གཞུང་ལས་ཁང)ཡིས་པུའུ་ལས་ཁུངས་ཀྱི་ཁྲུའུ་དང་ཧྲིའི་འགན་འཁུར་བའི་ལས་འགན་སྒྲུབ་ཚུལ་དང་སྤྱོད་གཙང་བསྐྱངས་ཚུལ་གསལ་ཞུའི་ཚོགས་འདུ་འཚོགས་ཏེ། ཁྲུའུ་དང་ཁང་ཁག་གི་2025ལོའི་ལས་ཀའི་ཕན་འབྲས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་གནས་ཚུལ་ཉན་པ་མ་ཟད། གྲུབ་འབྲས་སྟོན་པ་དང་། ཞན་ཆ་འཚོལ་བ། འཆར་གཞི་གསར་པ་འདིང་བ་བཅས་བྱས་ཏེ་དུས་རབས་གསར་པའི་རྩ་འཛུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་བསྟན་དོན། 2025ལོར་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ལས་ཁུངས་ཀྱི་ཁྲུའུ་དང་ཁང་ཁག་གིས“དད་མོས་དང་། དངོས་སྒྲུབ། འགན་འཁུར། རང་གཅུན”བཅས་ཀྱི་བླང་བྱ་གལ་ཆེན་ལག་ལེན་ནན་ཏན་བསྟར་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་རྩ་འཛུགས་ལས་དོན་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་འཐོབ་པར་སྐུལ་འདེད་བཏང་ཡོད། 2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཡིན། རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཚང་མས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམིགས་ཏེ“1+6+1”རྩ་འཛུགས་ལས་ཀའི་གནས་སྟངས་འཛུགས་སྐྱོང་ལ་གཞིགས་པ་དང་། ཐོག་མཐའ་བར་གསུམ་དུ་རྦད་དེ་བློས་འཁེལ་ཆོག་པ་དང་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་གི་ཐོག་ནས“ཆབ་སྲིད་ལ་སྣང་ཆེན”བྱེད་ལུགས་མཚོན་པ་དང་། སྤྱི་སེམས་སྤྱི་མོས་དང་དྲང་གཞག་དྲང་བདེན་ལ་བརྟེན་ནས“དྲང་གཞག་ལ་སྣང་ཆེན”བྱེད་ལུགས་མཚོན་པ། བློ་རྩེ་གཅིག་སྒྲིམ་ངང་དོན་གཉེར་དང་ཕྲ་ཞིང་ཞིབ་པའི་ལས་སྒྲུབ་ལ་བརྟེན་ནས“ལས་སྒོ་བྱང་ཆུབ”མཚོན་པ། ཁེངས་སྐྱུང་གཤིས་འཇམ་དང་དངོས་སྒྲུབ་ཐེག་འཁུར་ལ་བརྟེན་ནས“སྤྱོད་ཚུལ་བཟང་པོ”མཚོན་པ་བཅས་བྱས་ཏེ། རྩ་འཛུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། རང་རྟོགས་ངང“སྣེ་ཁྲིད་ལྔ”ཐུབ་པར་བྱས་ཏེ“སྔར་བས་དམིགས་སར་འབྱོར་བ་ལྔའི”བླང་བྱ་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། པུའུ་ནན་པོས་སྐྱོང་བ་དང་། རང་ཉིད་ནན་པོས་གཅུན་པ། དཔུང་ཁག་ནན་པོས་འཁྲིད་པ་བཅས་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་བའི་ཁྲོད་རྩ་འཛུགས་ཀྱི་འགན་འཁྲི་གང་ལེགས་མངོན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།