དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-15

    ཚེས་13ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ། ཚོགས་ཆེན་གྱི་གྲ་སྒྲིག་ལས་ཀའི་གནས་ཚུལ་ཁྱབ་བསྒྲགས་དང་ཞིབ་ཕྲའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དཔལ་གྱིས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་ནི་ལྗོངས་ཡོངས་ཀྱིས་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པ”བདེ་བླག་ངང་འགོ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་འཚོག་པའི་ཚོགས་འདུ་གལ་ཆེན་ཞིག་རེད། དེར་བརྟེན་ཚུགས་གནས་མཐོ་རུ་དང་ངོས་འཛིན་ཟབ་ཏུ་གཏོང་བ་དང་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས། གྲོས་རིམ་བཀོད་སྒྲིག་དང་། ཡིག་ཆའི་འཆར་ཟིན་འགོད་པ། ཚོགས་དོན་སྒྲིག་འཛུགས་སོགས་གྲ་སྒྲིག་དང་ཞབས་ཞུའི་འགན་སྲུང་ལས་དོན་ནན་ཏན་སྒྲུབ་དགོས། སྤྱི་འདོམས་ལ་ཤུགས་སྣོན་དང་མཉམ་ལས་ལ་སྣང་ཆེན་གྱིས་ལས་འགན་ཞིབ་ཚགས་སུ་དང་དུས་ཚོད་ཀྱི་མཚམས་ཚིགས་ཁ་གསལ་བཟོས་ཏེ། ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དཀྲིས་ཀྱིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆགས་པར་བྱས་ནས། ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བར་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།