དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་གཟིགས་པ།

    ​ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-14


    འདི་ནི་ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུ་ཕེབས་ནས་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་གཟིགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་ཚང་མར་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུ་ཕེབས་ནས་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་གཟིགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་ཚང་མར་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

    རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུ་ཝང་ཅུན་ཀྲེང་གིས་ལྷུན་གྲུབ་དང་ཀྲའོ་དབྱང་སོགས་ལྗོངས་ཡོངས་ཀྱི་སྤྱི་བདེའི་དཔའ་བོ་དཔེ་བཟང་བའི་འཐུས་མི་དང་མཇལ་འཕྲད་གནང་བ་དང་། ཁོང་ཚོ་རེ་རེ་བཞིན་ལ་ཕྱག་བཏང་གནང་ནས་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཝང་ཅུན་ཀྲེང་གིས་ཚང་མས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དཔའ་བོ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། འགན་འཁྲི་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་བཏོད་དེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་བདེའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པ་དང་དགའ་ཞེན་བྱེད་པའི་བྱེད་ཐབས་ཞིབ་ཕྲ་དོན་འཁྱོལ་ཏན་ཏིག་བྱས་ནས་ཕུགས་ཀྱི་སེམས་ཁྲལ་བསལ་ཏེ་ཚང་མར་གཟི་བརྗིད་ཀྱི་བསམ་པ་དང་། གཏོགས་སེམས། སྤོབས་སེམས་བཅས་དེ་བས་མང་བ་ཡོང་བར་བྱེད་དགོས། ཉེན་རྟོག་པའི་ལོ་རྒྱུས་ཁང་གི་ཡིག་ཚགས་རེ་རེ་དང་། དངོས་ཚུལ་དངོས་མཚོན་པའི་པར་རིས་རེ་རེ། ལོ་རྒྱུས་ཀྱི་དངོས་པོ་དངོས་རེ་རེ་བཅས་ལས་ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་འཕེལ་རིམ་ཕྱོགས་ཡོངས་ནས་མངོན་ཡོད། ཝང་ཅུན་ཀྲེང་གིས་ཕེབས་ཞོར་དུ་འགྲེལ་བཤད་ནན་ཏན་གསན་པ་དང་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་ནི་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྒྱུར་དྲང་གཞག སྒྲིག་ཁྲིམས་ནན་པ་བཅས་ཀྱི་དཔུང་ཁག་ཅིག་ཡིན་ལ། ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་བློ་བརྟན་འགྱུར་མེད་ཀྱི་འཐབ་ནུས་ཆེན་པོ་ལྡན་པའི་དཔུང་ཁག་ཅིག་ཀྱང་རེད། སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་གཙང་སྒྲུབ། ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་དེང་རབས་ཅན་དུ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད། 

    ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་པའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་འཐུས་མིར་བྱ་དགའ་གནང་བ་དང་འབྲེལ། སྙན་སེང་འཁྲབ་སྟོན་ལའང་གཟིགས་པ་རེད། རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་ཞུ་བའི་སྙན་སེང་འཁྲབ་སྟོན་ཐོག“དར་ཆ་བསྒྲེངས་ནས་མཉམ་དུ་འབད་འབུངས་བྱེད། གཡས་གཞོགས་གཡོན་འདེགས་ཀྱིས་རྒྱང་ལམ་གསར་པར་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ལྗོངས་རྣམ་ཟློས་གར་དང་། གཏམ་རྒྱུད་བརྗོད་པ། ལྟ་ཉན་སྒྱུ་རྩལ་བཅས་མཉམ་འདྲེས་ཀྱི་རྣམ་པ་སྤྱད་ནས། གསོན་ཉམས་དོད་པའི་ལས་ཀའི་གནས་ཚུལ་དང་མི་སེམས་འགུལ་བའི་གཏམ་རྒྱུད་བརྒྱུད། ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་དང་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་གསར་པ་ཕྱོགས་མང་པོ་ནས་མངོན་པར་བྱས་ཏེ། རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་དེ་བས་ངར་ཤུགས་ཆེན་པོས་རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་ལྕག་བྱས་པ་རེད།

    འདས་ཟིན་པའི་ལོ་གཅིག་ནང་། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གིས་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོང་། བརྟན་ལྷིང་སྲུང་བ། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་པ་དང་། ལྷག་པར་དུ་དིང་རིའི་ཡོམ་འགོག་གེགས་སེལ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རིང་། གདོང་མཆོང་དང་བསྟུད་མར་དམག་འཐབ་བྱས་པས། དཔའ་བོ་དཔེ་བཟང་བ་ཁག་གཅིག་ཐོན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

    ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས། རྒྱང་ལམ་གསར་པར་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར” དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་འགན་སྒྲུབ་མཐའ་འཁྱོངས་བྱེད་པ། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ། ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་དང་ཉེན་རྟོག་ནན་སྐྱོང་མཐའ་འཁྱོངས་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་སྤྱི་བདེའི་དམག་ཧྲག་ཅིག་ཧུར་ཐག་བཏོད་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།