དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་གནས་ཁག་གི་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ལས་རིཌ་ཁོངས་གཏོཌ་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་2025ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུཌ་སྐྱོང་ལས་དོན་དམ་འཛིན་གྱི་ལས་སྒྲུབ་གསལ་ཞུའི་དཔྱད་གླེང་ཚོཌ་འདུ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-10

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་གནས་ཁག་གི་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ལས་རིཌ་ཁོངས་གཏོཌ་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་2025ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུཌ་སྐྱོང་ལས་དོན་དམ་འཛིན་གྱི་ལས་སྒྲུབ་གསལ་ཞུའི་དཔྱད་གླེང་ཚོཌ་འདུ་དང་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་ཁག་གཅིག་གི་འགན་སྒྲུབ་སྤྱོད་གཙང་གསལ་ཞུའི་ཚོཌ་འདུ་འཚོཌ་པ།

    ཝང་ཅུན་ཀྲེང་གིས་གཙོ་སྐྱོང་དང་གསུང་བཤད་གནང་བ། ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་བཅས་ཚོགས་འདུར་ཞུགས་པ།

     ཟླ་1ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་གནས་ཁག་གི་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་2025ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་གྱི་ལས་སྒྲུབ་གསལ་ཞུའི་དཔྱད་གླེང་ཚོགས་འདུ་དང་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་ཁག་གཅིག་གི་འགན་སྒྲུབ་སྤྱོད་གཙང་གསལ་ཞུའི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། ནམ་ཡང་ཚར་དུས་མེད་པའི་བློ་སྟོབས་དང་སྙིང་རུས་ལ་བརྟེན་པ། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཀྲུང་དབྱང་རྩ་འཛུགས་པུའི་རྩ་འཛུགས་ཅུས་གཉིས་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་དང་དཔྱད་བརྗོད་གནང་བ་རེད།

    ཚོགས་འདུའི་ཐོག ས་གནས་ཁག་གི་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཀྱི་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་གྱི་ལས་སྒྲུབ་གསལ་ཞུ་བྱས་པ་དང་། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་ཁག་གཅིག་གིས་འགན་སྒྲུབ་སྤྱོད་གཙང་གསལ་ཞུ་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གསན་ནས་རེ་རེ་བཞིན་དཔྱད་བརྗོད་གནང་བ་མ་ཟད། གྲུབ་འབྲས་ཁས་ལེན་གང་ལེགས་གནང་སྟེ་གནད་དོན་དང་མི་འདང་ས་བཏོན་ཞིང་ལས་ཀའི་ཐད་བླང་བྱ་ཡང་བཏོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2025ལོ་ནི་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ཤུགས་ཆེན་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་བྱས་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ད་ལོའི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་འགན་སྲུང་ནུས་པ་འདོན་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། དགོངས་པའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པ་བཅས་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཉིད་ཕུགས་བསམ་བརྟན་གཏོང་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་སྒྱུར་དགོས། དྲིལ་བསྒྲགས་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཚོར་ཁྲིད་སྟོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་དང་། དགོངས་སྐོར་སྙན་སེང་ལམ་ལུགས་ལ་བརྩི་སྲུང་ནན་པོ་ཞུ་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། འགན་འཁྲི་འཁུར་ཕོད་པའི་རྣམ་འགྱུར་ཐོག་ནས་བོད་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རང་རྟོགས་ངང་ཏང་འཛུགས་སྐྱོང་གི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་སྐུལ་འདེད་བཏང་སྟེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་བཅོས་སྐྱོང་གི་ནུས་པར་དངོས་སུ་འགྱུར་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་དོན་གྱི་སྤྱི་ཡོངས་ལ་དམིགས་པ་དང་ལས་དོན་གྱི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས། རྨང་རྩ་གཉིས་བརྟན་ལ་དམིགས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། གཞི་རིམ་དང་རྨང་གཞིར་དམ་འཛིན་ཆེན་པོ་བྱེད་པའི་ཕྱོགས་སྟོན་ཁ་གསལ་འཛུགས་པ་དང་། གཞི་རིམ་ཏང་རྩ་འཛུགས་མུ་མཐུད་འཛུགས་སྐྱོང་དང་སྟོབས་ཆེར་གཏོང་བ། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་དེ་བས་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་དེ་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་མཁན་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་མཁན། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་མཁན། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆར་སྲུང་སྐྱོང་བྱེད་མཁན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་མཁན་བཅས་ཀྱི་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་སྐྲུན་དགོས། བཟང་འདེམས་འཇོན་བསྐོ་བྱེད་པར་དམིགས་ནས་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་བཟང་པོ་ཧུར་ཐག་ཆགས་པར་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་ཕྱོགས་སྟོན་ཁ་གསལ་བརྟན་པོར་འཛུགས་པ་དང་། ཤུལ་འཛིན་མཁན་ཡོད་པའི་རྩ་བའི་ཇུས་ཆེན་ལ་དམ་འཛིན་ཡག་པོ་བྱེད་པ། གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། བཀོལ་སྤྱོད་བཅས་བྱེད་པར་བརྩི་མཐོང་བྱེད་པ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། དོ་དམ་ནན་པོ་དང་བརྩེ་བ་ཟབ་མོ་ཟུང་འབྲེལ་དང་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ཡག་པོ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རང་འགན་ཐེག་པ་ཁུར་ལེན་ལ་སྐུལ་ལྕག་བཅས་བྱས་ཏེ། ལས་དོན་ཁག་དོན་འཁྱོལ་དང་དམིགས་སར་འཁྱོལ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ལྟེ་བའི་ལས་དོན་ལ་དམིགས་ཏེ་ཏང་འཛུགས་སྐྱོང་གིས་ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། གཞི་རིམ་བཅོས་སྐྱོང་། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་གཏོང་བཅས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མི་འབོར་གྱི་བྱང་ཚད་མཐོར་གཏོང་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་གང་ལེགས་བྱེད་པ། ས་མཐོའི་མཛེས་མཐུན་གྲོང་གསེབ་སྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དམིགས་ཏེ་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ཀྱི་བླང་བྱ་དང་། ནན་པའི་རྩ་བའི་དགོངས་གཞི། བཅོས་སྐྱོང་གི་འདུ་ཤེས་བཅས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་སྐོར་གཟིགས་ལན་སྤྲོད་གནད་དོན་ལ་དག་ཐེར་བྱས་ཚུལ་གྱི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ། ཉེན་ཟོན་སློབ་གསོ་གནད་སྨིན་དང་ནུས་ལྡན་གྱི་སྒོ་ནས་ཡག་པོ་སྒྲུབ་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་མུ་མཐུད་བཅོས་སྒྲིག་བྱེད་པ། “སྤྱོད་ཚུལ་བཞིའི”གནད་དོན་ལ་རྒྱུན་སྲིང་ལྷོད་མེད་ངང་ཡོ་བསྲང་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཟིལ་གནོན་གྱི་རྣམ་པ་ཆགས་པ་བཅས་བྱས་ཏེ། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། རིམ་ཁག་ལས་བྱེད་པའི་དཔུང་ཁག་གི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་དགོས། བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་ཏང་འཛུགས་སྐྱོང་གི་ལས་དོན་དང་ལྟེ་བའི་ལས་དོན་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བཅས་ལ་སྐུལ་འདེད་གཏོང་བ། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་འཁུར་བ་བཅས་བྱས་ནས། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ནན་པའི་ཚད་གཞིར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། དཔྱད་ཞིབ་དང་ཕན་འབྲས་རྩད་ཞིབ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔྱད་ཞིབ་ཀྱི་བཀོད་འདོམས་ནུས་པ་འདོན་པ། དཔྱད་ཞིབ་ཀྱི་འབྲས་བུ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་གྱིས་གནོན་ཤུགས་སྤྲོད་པ། འགན་འཁྲི་བདའ་འདེད་ཀྱི་བྱ་ཐབས་ཡག་པོ་སྤྱོད་པ། བྱ་དགའ་ཆད་གཅོད་ཁ་གསལ་ཡོང་བ་བཅས་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མུ་མཐུད་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། ཟ་མཁས་འཐུང་མཁས་ཀྱི་བསམ་བློ་བརྟན་པོར་འཛུགས་པ། དངོས་སྒྲུབ་དང་ཏན་ཏིག་གི་རྣམ་པ་མཐའ་འཁྱོངས་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ཏན་ཏིག་དང་། ཞིབ་ཕྲ། ཡག་པོ་བཅས་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།