དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས​་ཕྱོགས་མི་ཏང་ཡོན་གྱི“དམར་མདངས་ཀྱི་སྒུལ་ནུས”འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09

    “ཏང་རྩ་འཛུགས་ཀྱིས་བུ་ཕྲུག་སློབ་གྲྭར་གཏོང་བའི་ངའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་མ་ཟད། ད་དུང་ཆ་སྒྲིག་སློབ་སྐྱོར་བརྒྱུད། ང་རང་ཡང་དུས་ཐོག་ཏུ་སློབ་སྦྱོང་སློབ་གསོའི་ནང་ཞུགས་སུ་བཅུག་པས། མ་གཞི་ཕ་ཡུལ་དང་བྲལ་ནས་ཡུལ་གཞན་དུ་སླེབས་ཀྱང་དེ་ནས་ང་ལ་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་བྱུང” ཉེ་ཆར། སི་ཁྲོན་ནས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དུ་ལས་ཀར་ཡོང་བའི་ཕྱོགས་མི་ཏང་ཡོན་ཀྲང་ཏུང་ཧྭ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་འདི་ལྟར་བཤད།

    2025ལོ་ནས་བཟུང་། ཕྱོགས་མི་ཏང་ཡོན་གང་སར་ཁྱབ་པ་དང་། སྐོར་སྐྱོད་མང་བ། འབྲེལ་གཏུག་བྱེད་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལྷོ་རོང་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིམ་གསུམ་མཉམ་འགུལ་ལམ་སྲོལ་འཚོལ་ཞིབ་ཀྱིས་གསར་གཏོད་བྱས་པ་དང་། གྲལ་བཤེར་གནད་སྨིན་བྱེད་པ་དང་། ཞབས་ཞུ་ལེགས་སུ་གཏོང་བ། སྐྱོང་ལན་འཇལ་བར་ཁྲིད་སྟོན་བཅས་བྱས་པ་བརྒྱུད། ཕྱོགས་མི་ཏང་ཡོན་ཚོ“ཕྱོགས་ནས་ཡོང་བ”ནས“མཉམ་འདྲེས་ཐུབ་པར”སྐུལ་འདེད་ཏན་ཏིག་བཏང་བ་རེད།

    རྒྱལ་ཡོངས་ཀྱི་ཏང་ཡོན་དོ་དམ་ཆ་འཕྲིན་མ་ལག་ལ་བརྟེན་ནས། ལྷོ་རོང་རྫོང་གིས“དུས་ཚིགས་གཅིག་ལ་འཚམས་འདྲི་ཐེངས་གཅིག་དང་། དོན་དག་གཅིག་ཐོན་ན་དེ་ཐག་གཅོད་ཡག་པོ་བྱེད་པ། མི་གཅིག་ལ་ཐབས་ཇུས་རེ་བཟོ་བ། ས་ཆ་གཅིག་ལ་འབྲེལ་གཏུག་བྱེད་ས་གཅིག”བཅས་ཀྱི“གཅིག་རེ་བཞིའི”འགུལ་རྣམ་གྲལ་བཤེར་ལམ་སྲོལ་གསར་པ་བཏོད་དེ། རྫོང་ཡོངས་ཀྱི་ཕྱོགས་མི་ཏང་ཡོན་169ལ“འཐེན་བཤེར་རྣམ་པའི”གྲལ་བཤེར་བྱས་པ་དང་། “སྙན་སེང་བཞིའི”ལམ་ལུགས་དོན་འཁྱོལ་བྱས་ཏེ། ཆ་འཕྲིན་དུས་ཐོག་ཏུ་གསར་བརྗེ་དང་གཞི་གྲངས་གསལ་པོ་ཡོང་བའི་འགན་ལེན་བྱས་པ་རེད། “ས་གནས་གཉིས་ཀས་དོ་དམ་བྱེད་པའི”དཀའ་གནད་ལ་དམིགས་ནས། ཐོན་ཡུལ་དང་འབྱོར་ཡུལ་གཉིས་ཀས“ཕྱོགས་གཉིས་ནས་ཐུན་མོང་དོ་དམ་བྱེད་པའི”རྣམ་པ་ཁྱབ་གདལ་བཏང་བ་དང་། ཐོན་ཡུལ་ཏང་རྩ་འཛུགས་ཀྱིས“1+N”གྱི་ཆ་སྒྲིག་འབྲེལ་གཏུག་དང་། སྐད་འཕྲིན་ཚོགས་པ། དྲ་ཐོག་ཏང་གི་སློབ་ཚན་སོགས་བརྒྱུད། རྒྱུན་རྣམ་ཅན་གྱི་སློབ་གསོ་དོ་དམ་བྱེད་སྟངས་རྒྱུན་འཁྱོངས་བྱས་པ་དང་། འབྱོར་ཡུལ་ཏང་རྩ་འཛུགས་ཀྱིས་ཕྱོགས་མི་ཏང་ཡོན་གཅིག་སྡུད་བྱེད་སའི་ཁྲུང་ཆིང་དང་སི་ཁྲོན་སོགས་སུ་ཕྱིར་སྡོད་ཏང་ཀྲི་པུའུ་6བཙུགས་པ་མ་ཟད། ད་དུང་མཉམ་སྐྲུན་གྲོས་མཐུན་ཡང་བཞག་པར། རྩ་འཛུགས་འཚོ་བ་མཉམ་སྐྱེལ་དང་ཏང་ཡོན་བྱེད་སྒོ་མཉམ་སྤེལ་ཐུབ་ནས། དོ་དམ་དཀའ་བའི་གནད་དོན་རྦད་དེ་ཐག་གཅོད་བྱས་པ་རེད། དེ་དང་ཆབས་ཅིག དུས་ཆེན་དང་གུང་གསེང་གི་དུས་ཚོད་སྤྱད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བཞུགས་མོལ་སྤེལ་རེས་སོགས་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་དང་། རིམ་རྩིས་བརྒྱབ་ན། བཞུགས་མོལ་ཚོགས་འདུ་ཐེངས་60ལྷག་ཙམ་འཚོགས་ཤིང་། དང་བླངས་ཞབས་ཞུ་ཐེངས་36སྤེལ་ནས་ཏང་ཡོན་ཚོའི་གཏོགས་སེམས་སྔར་བས་ཆེ་རུ་བཏང་བ་རེད།

    ལྷོ་རོང་རྫོང་གིས་དོ་དམ་ཞབས་ཞུ་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ནས“ལྷོ་རོང་གིས་ཐུན་མོང་འབད་བརྩོན་བྱེད་པའི”འཆར་གཞི་ལག་ལེན་བསྟར་བ་དང་། “ཕྱོགས་མི་ཏང་ཡོན་གདོང་ལེན་པའི་བྱ་སྤྱོད”དང“ངས་ཕ་ཡུལ་ལ་བྱ་བ་ཞིག་བསྒྲུབ་རྒྱུ་ཡིན”སོགས་བྱེད་སྒོ་སྤེལ་བ་བརྒྱུད། ཕྱོགས་མི་ཏང་ཡོན་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ནང་ཞུགས་པར་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག ཕྱོགས་མི་ཏང་ཡོན་ལ་སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་རྒྱུར་ལྕག་སྐུལ་ཡང་བཏང་བ་སྟེ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའམ་ཡང་ན་རྣམ་གྲངས་ནང་འདྲེན་བྱེད་པ་དང་། དུས་ཆེན་དང་གུང་གསེང་རིང་ཐོན་ལས་ལྟ་སྦྱོང་བྱེད་སྒོ་སྤེལ་ཏེ། མ་དངུལ་དང་། ལག་རྩལ། རྣམ་གྲངས་བཅས་ཁྱེར་ནས་ཕ་ཡུལ་ལ་དྲིན་ལན་འཇལ་བའི་ཕྱོགས་མི་ཏང་ཡོན་གྱི་སྤྲོ་སེམས་འཕེལ་བར་བྱས་ཏེ། ཕྱོགས་མི་ཏང་ཡོན་དེ་གར“འབྱོར་བ”ནས“མཉམ་འདྲེས་ཐུབ་པ”དང་། “མགྲོན་པོ”ནས“བདག་པོར”འགྱུར་བར་སྐུལ་འདེད་བཏང་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།