དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཏང་འཛུགས་སྐྱོང་གིས་མཐུན་རྐྱེན་སྦྱར། ཡར་ཀླུང་ས་གཞིར་ལེགས་སྐྱེས་འབུལ།

    ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་དམངས་འཚོའི་ཞབས་ཞུར་སྤུས་འབྲས་ལེགས་གཉེར་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09


    འདི་ནི་སྤྱི་ཚོགས་འགན་སྲུང་ལས་དོན་པས་དུད་ཚང་དབུལ་པོའི་ཁྱིམ་དུ་བསྐྱོད་དེ་རྒན་རྒོན་ལ་རྒན་གསོའི་དངུལ་རག་མིན་ཤེས་རྟོགས་བྱེད་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུས“ཏང་ཡོན་གྱིས་སྣེ་ཁྲིད་དེ་བྱ་བ་དངོས་སྒྲུབ་པ་དང་སྤྱི་ཚོགས་འགན་བཅོལ་གྱི་ཞབས་ཞུས་ཁྱིམ་ཚང་ཁྲི་སྟོང་ལ་དྲོ་སྐྱིད་སྦྱིན་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བཞིན་པ།

    2025ལོའི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཏང་འཛུགས་སྐྱོང་བྱ་བ་དེ་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། ཁེ་དབང་སྲུང་སྐྱོང་། ཤེས་ལྡན་པ་སོགས་དམངས་འཚོའི་ལས་དོན་དང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གི་ཕན་འབྲས་དེ་མང་ཚོགས་ཀྱིས་དངོས་སུ་ཚོར་ཐུབ་པ་དང་ཤེས་ཐུབ་པའི་ཐོབ་སྣང་དང་སྐྱིད་སྣང་དུ་བསྒྱུར་ནས། ཏང་གི་སྲིད་ཇུས་ཀྱི་ཕན་པ་དཔྱིད་ཀྱི་སྦྲང་ཆར་ཟིལ་མ་ཇི་བཞིན་མང་ཚོགས་དང་ཁྲོམ་རའི་བྱེད་པོ་མི་རེ་ངོ་རེའི་ཡིད་ཀྱི་ཞིང་སར་བབས་ནས་འབྲས་བཟང་སྨིན་ཐུབ་པར་བྱས་ཏེ། བརྩེ་སེམས་དང་ནུས་ཤུགས་ལྡན་པའི་དམངས་འཚོའི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།

    བསམ་བློའི་གཞི་རྩ་བརྟན་དུ་ཕྱིན་པ།

    ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ལས་འགན་ཨང་དང་པོར་བཞག་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་རྒྱུན་དུ་སློབ་སྦྱོང་བྱེད་པ་དང་རྟག་ཏུ་དམ་འཛིན་མཐའ་འཁྱོངས་བྱས་ཡོད། “གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ལོ་ཧྲིལ་པོར་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་14འཚོགས་པ་མ་ཟད། སློབ་སྦྱོང་བྱེད་སྟངས་གསར་དུ་བཏོད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། སྒྲིག་ཁྲིམས་སློབ་གསོ་དང་། ཉེན་ཟོན་སློབ་གསོ། ཆེད་དོན་ཉེན་ཟོན་སློབ་གསོའི་གློག་བརྙན་ལྟ་བ་སོགས་ཐེངས་མང་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དམངས་ཀྱི་འཚོ་བ་དངོས་ནང་ཁྱབ་པར་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་གཞུང་ལས་ཐོག་ཁང་དུ་སྐྱོད་སྐབས། ཏང་འཛུགས་སྐྱོང་གི་རིག་གནས་ཁྱམས་རིང་དང་། སྲིད་གཙང་རིག་གནས་གྱང་། གློག་རྡུལ་བརྙན་ལམ་གྱི“མི་སྤྱིའི་ཉིན་རེའི་སློབ་ཚན”གྱི་སློབ་སྦྱོང་ལྡུམ་ར་བཅས་ལས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་རེ་རེ་གྲུབ་ཡོད། གཞུང་ལས་ཁང་གི་བར་མཐོངས་ཀྱང་སློབ་སྦྱོང་བྱ་ཡུལ་དུ་གྱུར་ཞིང་། གསར་བརྗེའི་སྐོར་གྱི་དཔེ་དེབ་800ལྷག་ཙམ་བསྒྲིགས་ཡོད་པའི་གནས་དེ་ལས་བྱེད་ལས་བཟོས་ལས་ཞོར་དུ་ཤེས་བྱ་སྦྱོང་ས་ཞིག་ཏུ་གྱུར་ཡོད། དཔེ་ཀློག་གི་ཉམས་མྱོང་སྤེལ་རེས་དང་ནང་དོན་ཟབ་རིགས་ཀློག་འདོན་བྱེད་པའི་བྱེད་སྒོ་དུས་བཀག་ལྟར་སྤེལ་བ་བརྒྱུད། ལས་བྱེད་ལས་བཟོའི་ཆབ་སྲིད་ཀྱི་བྱང་ཚད་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས“མི་སྤྱིའི་སློབ་ཁང་ཆེན་པོ”དང“ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས”སོགས་སྤུས་རྟགས་ལ་བརྟེན་ནས། ཆེད་དོན་ཟུར་ཁྲིད་དང་། རིགས་པའི་གཞུང་ལུགས་ཀྱི་ཚོད་རྒྱུགས། སློབ་སྦྱོང་སྤེལ་རེས་དང་གྲོས་བསྡུར་སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་བ་མ་ཟད། དྲ་རྒྱའི་ལས་སྟེགས་ཐོག་ཆེད་སྒྲིག་ལེ་ཚན་བཏོད་ནས་སོར་རྩེའི“སློབ་ཚན་ཐུང་ངུ”བཀོད་སྒྲིག་བྱས་པ་དང་། ལོ་ཧྲིལ་པོར་སློབ་སྦྱོང་རྩོམ་ཡིག་60ལྷག་ཙམ་འོས་སྦྱོར་བྱས་པས། ལས་བྱེད་ལས་བཟོའི“གཞན་སྐུལ་སློབ་སྦྱོང”ནས“རང་འགུལ་སློབ་སྦྱོང”དང “དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང”བྱེད་པའི་བར་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད།

    གཙོ་འགན་གཙོ་ལས་ལ་དམིགས་པ།

    མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས། ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཏང་ཡོན་ལས་བྱེད་པས་འཐབ་ས་དང་པོར་བསྐྱོད་ཡོད། “ཏང་ཡོན་གྱི་གཅིག་གཏད་གཅིག”གི་རོགས་སྐྱོར་དང“སྐྱོད་པ་་ལྔ་དང་དྲིལ་བསྒྲགས་གཅིག”གི་བྱེད་སྒོ་སྤེལ་ནས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་མི་1015ལས་ཞུགས་ཐུབ་པར་བྱས་པ་རེད། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པ་མི་ཁྲི་11.01ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་20.51ཟིན་ཡོད་པ་རེད། རིམ་རྩིས་བརྒྱབ་ན། ལས་རིགས་རྩལ་ནུས་གསོ་སྦྱོང་ཐེངས་249བྱས་པར་མི་ཐེངས་8071ལ་ཕན་པ་ཐོབ་ཡོད། གཞན་ཡང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་རེར་ཆ་སྙོམས་95%ཡན་རྒྱུན་འཁྱོངས་ཐུབ་པའི་ནང་མི་3002ལྗོངས་ཕྱིར་ལས་ཞུགས་ཐུབ་སྟེ། ཁོ་ཚོའི་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་ཕྱིན་པ་མ་ཟད། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལའང་སྐུལ་མ་ཐེབས་ཡོད།

    སྤྱི་ཚོགས་འགན་བཅོལ་ཞབས་ཞུའི་ཚོམས་ཆེན་དུ“ཏང་ཡོན་གྱི་གདོང་ལེན་ལས་གནས”ནི་བྲེལ་བརྩོན་ཆེ་ཤོས་ཀྱི་སྐར་ཁུང་ཞིག་ཡིན་པ་དང་། ཁོང་ཚོས“དོགས་པ་དང་དཀའ་གནད་ཆེ་བ”དང“ཛ་དྲག་ཆེ་བའི”ལས་དོན་སྒྲུབ་འགན་ལེན་པ་དང་འབྲེལ། “སྐར་ཁུང་གཅིག་ཏུ་ཀུན་སྒྲུབ”དང“གཅིག་འཐུས་རྣམ་པའི་ཞབས་ཞུ”ཁྱབ་གདལ་བཏང་བས་མང་ཚོགས་ཀྱི་ལས་སྒྲུབ་ལས་ཕྱོད་ཆེ་རུ་གང་ལེགས་ཕྱིན་པ་རེད། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་ཚད་མི་ཐེངས་ཁྲི་35.08ཟིན་པ་དང་ཁྲིམས་བཀོད་མི་སྣའི་འགན་ཞུགས་གཞི་རྩའི་ཆ་ནས་ཕྱོགས་ཡོངས་ལ་ཁྱབ་ཡོད། དེ་བས་ད་ཆ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་295ཟིན་པ་དང་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་བསྟུད་མར་སྤར་ནས་ཟླ་རེར་མི་རེར་ཆ་སྙོམས་སྒོར་5629ཟིན་ནས་རྒྱ་ཆེའི་མང་ཚོགས་ཀྱི་དངུལ་ཁུག་དེ་བས་ལྗིད་ཏིག་ཏིག་ཏུ་གྱུར་ཡོད།

    ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་བྱེད་པ།

    ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པ་དེ་སྲོག་རྩར་བརྩིས་ནས་མང་ཚོགས་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་བྱ་སྤྱོད་ཏན་ཏིག་སྤེལ་ཏེ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་དམངས་ཕན་སྲིད་ཇུས་ཀྱིས་དྲང་གཞག་དང་། དྲང་བདེན། གཞུང་དྲང་ངང་ཚང་མར་ཕན་ཐོགས་པའི་འགན་ལེན་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་བཙུགས་ཏེ“སྤྱི་ཚོགས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱེད་མཁན་བཅོས་སྒྲིག”དང་། “སྒྲིག་འགལ་གྱིས་རྒན་གསོའི་འགན་བཅོལ་ནང་བསྐྱར་མ་ཞུགས་པ” “གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་དོགས་གཞི་ཡོད་པའི་གྲངས་གཞི་བཅོས་སྐྱོང”སོགས་ཀྱི་གནད་དོན་གཙོ་གནད་འགག་སྒྲོལ་བྱས་ཏེ། རིམ་རྩིས་བརྒྱབ་ན་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་བྱ་བ་དངོས་ཁག་79བསྒྲུབས་པ་དང་ལམ་ལུགས་དང་ལམ་སྲོལ་ཁག་6འཐུས་སྒོ་ཚང་དུ་བཏང་ཡོད།

    2025ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཁག་83བསྡུ་རུབ་བྱས་ཏེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་56ཐག་གཅོད་བྱས་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས་ཉེན་ཟོན་སློབ་གསོ་སྤེལ་ཞིང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལྟ་སྲུང་ཁང་དང་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་དང་ཉེ་འགྲམ་གྱི་གྱོད་དཔེར་བརྟེན་ནས་ཉེན་ཟོན་བཏང་ཡོད། ལས་བྱེད་པ་ཡོངས་ལ་སྲིད་གཙང་ཡིག་ཚགས་བཟོས་ནས་གནད་དོན་ཐོན་མ་ཐག་དང་ཐོན་བཟོ་ཡོད་པའི་རིགས་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ནས་དྲན་སྐུལ་བྱས་པ། ཏང་ཡོན་ལས་བྱེད་པའི“ཆུ་ཚོད་བརྒྱད་ཕུད”པ་དང་དྲ་རྒྱའི་གཏམ་སྤྱོད་ཚད་ལྡན་ནན་པོ་བཟོས་ཏེ། ལས་བྱེད་པ་དང་ལས་བཟོས་དྲ་ཐོག་དང་དྲ་ཕྱིར་མིག་དཔེ་འདོན་པར་ཁྲིད་སྟོན་བྱས་ཏེ་སྲོལ་བཟང་སྤྱོད་བཟང་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།