དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཐད་མི་རིགས་ཆོས་ལུགས་རིགས་ཁོངས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09

    ཟླ་1ཚེས་7ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ནས་མི་རིགས་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མི་གདན་ཞུ་བྱས་ཏེ《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཐད་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཞུས་ཀྲི་ཐའོ་ཡིས་ཚོགས་འདུ་གཙོ་སྐྱོང་དང་བཅས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཐད་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པ་ནི་མི་རིགས་ཁག་དང་ལས་རིགས་ཁག་གི་བློ་གྲོས་དང་དམངས་གཙོའི་ཐབས་ཇུས་རྒྱ་ཁྱབ་བསྡུ་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། མི་རིགས་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མིས་བཏོན་པའི་གྲོས་འགོ་དྲང་གཞག་དང་ལྷག་བསམ་ཟོལ་མེད་དང་དོན་དངོས་དང་འཚམ་པས་འཆར་ཟིན་འགོད་མཁན་ཚོགས་ཆུང་གིས་ཞིབ་འཇུག་ནན་ཏན་བྱས་ཏེ་དང་ལེན་བྱེད་དགོས།

    ཚོཌ་འདུར་ནན་བཤད་བྱས་དོན། 2026ལོར་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་བར་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་ཐུབ་པར་བྱེད་དགོས། རང་ལྗོངས་ཀྱི་མི་རིགས་ཆོས་ལུགས་རིགས་ཁོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྲིད་གཞུང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། རང་ལྗོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད”འབུལ་འོས་པའི་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།