དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-02

    2025ལོའི་ཟླ་12ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གནང་བ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད། ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་མཐོ་ཚད་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་གནང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་ནས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རྒྱུན་སྲིང་ལྷོད་མེད་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་འབྲས་བུ་འདོགས་ཐུབ་པའི་འགན་ལེན་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་གྱི་ནུས་པ་བཏོན་ཏེ་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་དང་། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་བསམ་འདུན་མི་འདྲ་བ་ཉན་པ་དང་། དབྱེ་ཞིབ་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། སྣང་ཚུལ་བརྒྱུད་ནས་ངོ་བོར་ལྟ་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་བྱེད་མཁས་པ། འགན་འཁྲི་འཁུར་ཕོད་པ་དང་དཀའ་ངལ་ལ་མི་འཛེམ་པ། གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་སྒྲུབ་པ་དང་དེ་ཡི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས། དངོས་སྒྲུབ་ལ་མཐོང་ཆེན་དང་ཕན་འབྲས་དངོས་དོན་གཉེར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་དགོས། སྣེ་ཁྲིད་དེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། དོན་གྲོས་ཐབས་ཇུས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་རང་རྟོགས་ངང་སྒྲིག་ཁྲིམས་དང་སྒྲིག་ལམ་ལྟར་བྱ་བ་སྒྲུབ་པ་དང་། དོན་འཁྱོལ་དང་། དངོས་སྒྲུབ། འགན་འཁུར། རང་གཅུན་བཅས་ཀྱི་ཐད་དཔེ་སྟོན་བྱས་ནས། གཏམ་སྤྱོད་གཅིག་མཐུན་དང་ཤེས་སྦྱོར་གཅིག་མཐུན་ཏན་ཏིག་ཡོང་བ་བྱེད་དགོས། རིམ་ཁག་སྡེ་ཚན་ཁག་གིས་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་ལྟ་བསྡུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། གྲ་སྒྲིག་ལས་དོན་ཁག་གཏིང་ཟབ་དང་ཞིབ་ཚགས་བསྒྲུབས་ཏེ་གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་ཐོག་ཏང་གཤིས་ཡག་པོ་སྔར་བས་ཞུན་བརྡར་དང་ཚན་ཁག་གི་གོང་བུ་སྒྲིལ་ཤུགས་དང་། འཐབ་ནུས། བློ་ཁ་ཕྱོགས་ནུས་བཅས་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལི་ཅ་ཁྲའོ་དང་ཚེན་ཧའོ་ཧུའེ་ཡི་ལས་འགན་སྒྲུབ་ཚུལ་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་ཀྲུང་དབྱང་ཁེ་ལས་ཀྱི་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་གོ་དང་ཧྥ་རན་སེའི་ཁེ་ལས་མཁས་ཅན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པའི་མཇུག་འགྲིལ་མཛད་སྒོར་ཞུགས་སྐབས་གནང་བའི་ཤིས་ཚིག་གལ་ཆེན་གྱི་དགོངས་དོན། ཏུར་མེན་སི་ཐན་གྱི“རྒྱལ་སྤྱིའི་ཞི་བདེ་དང་ཡིད་ཆེས་ལོའི་གླེང་སྟེགས”ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་བཟང་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་དོན་འཁྱོལ་དང་། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དེ་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་དང་། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་མཐུན་སྦྱོར་ངང་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་རིག་གནས་སྒྲིག་བཀོད་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་ཀྱི་མི་སྣ་གསོ་སྐྱོང་བྱེད་ནུས་གང་ལེགས་བཏོན་ཐོག་ན་སོ་དར་ལ་མ་བབས་པའི་མིའི་སེམས་ཁམས་བདེ་ཐང་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་ཁོང་ཚོ་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་བསྐྲུན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལོ་གསར་པ་འཆར་མཚམས་སུ་ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ལ་སྤྱི་འདོམས་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱས་ཏེ་འཚམས་འདྲིའི་བྱེད་སྒོ་ཏན་ཏིག་སྤེལ་བ་དང་རོགས་སྐྱོབ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་རྩིས་དངུལ་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ། དྲོ་སོབ་སོབ་ཀྱི་དགུན་དུས་དང་སྐྱིད་སྣང་དོད་པའི་ལོ་གསར་གཏོང་བར་ཁོར་ཡུག་ཡག་པོ་བསྐྲུན་དགོས། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུའི་མཁོ་སྤྲོད་རྒྱ་ཆེར་གཏོང་བ་དང་། འཛད་སྤྱོད་སྣ་མང་གི་རྣམ་པ་གསར་གཏོད་བྱེད་པ། གུང་གསེང་རིང་གི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་བྱས་ཏེ། ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། རིག་རྩལ་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ་དང་རིག་རྩལ་སྤུས་རྟགས་བཏོད་དེ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་མུ་མཐུད་ཕུན་སུམ་ཚོགས་སུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཧུར་བསྲི་གྲོན་ཆུང་དང་ཟ་མཁས་འཐུང་མཁས་ཀྱི་དུས་ཆེན་གཏོང་སྲོལ་དར་སྤེལ་གཏོང་བ། ངེས་ཤུགས་རྒྱུན་འཁྱོངས་དང་གོམ་པ་གང་ཡང་ཕྱི་བཤོལ་མི་བྱེད་པ་བཅས་བྱས་ཐོག་དུས་ཆེན་རིང་སྤྱོད་གཙང་གཞུང་དྲང་ཡོང་བའི་འགན་ལེན་བྱེད་དགོས། མཐའ་ཚད་ཀྱི་བསམ་བློ་དང་ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། འཕྲལ་སྡོམ་དོ་དམ་ནུས་པ་ཆེ་རུ་གཏོང་བ། འཕྲལ་སྡོམ་སྔོན་ཇུས་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐོལ་བྱུང་དོན་རྐྱེན་སྣ་ཚོགས་འཕྲལ་སྡོམ་ཐག་གཅོད་བྱེད་པར་གྲ་སྒྲིག་ཡག་པོ་བཅས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།