དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་རྩ་འཛུགས་པུའུ་ལས་ཁུངས་ཀྱི་2026ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-01

    2025ལོའི་ཟླ་12ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཚོགས་འདུ་འཚོགས་ཏེ་རྩ་འཛུགས་པུའུ་ལས་ཁུངས་ཀྱི་2026ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་བསྟན་དོན། ལོ་གཅིག་རིང་། པུའུ་དོན་ཨུ་ལྷན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་རང་འགུལ་ངང་ཁུར་བ་དང་། ཚན་ཁག་གི་ཁོངས་མི་དང་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན་གྱིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། རྩ་འཛུགས་སྡེ་ཚན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་སྐུལ་འདེད་བཏང་བ་དང་། དབང་ཆ་སྤྱོད་པའི་སྒྲིག་སྲོལ་དེ་བས་བརྟན་དུ་བཏང་བས། རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་སྒྲིག་ཁྲིམས་ལ་བརྩི་སྲུང་དང་སྤྱོད་གཙང་རང་འདོམས་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ་དང་། དཔེ་བཟང་སྡེ་ཚན་དང་ཉམས་སད་ཐེག་པའི་དཔུང་ཁག་རྒྱུན་མཐུད་གཏོད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ“ཆབ་སྲིད་ལ་སྣང་ཆེན”གྱི་བླང་བྱ་རྩ་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། ཉེན་ཟོན་སློབ་གསོར་ཤུགས་སྣོན་ཧུར་ཐག་རྒྱག་པ། ཏང་ཡོན་དང་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་ལག་བསྟར་ནན་ཏན་བྱེད་པར་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་རགས་བརྟན་པོ་སྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།