དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བསྟན་པས་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་བཀོད་གཏོང་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-01

    2025ལོའི་ཟླ་12ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་བཀོད་གཏོང་དང་མིག་སྔར་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་བྱས་ཏེ། ལོ་མཇུག་དང་ལོ་འགོའི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་གཙོ་གནད་ལས་འགན་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ་རེད།

    བསྟན་པས་ནན་བཤད་གནང་དོན། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ནི་སྐྱེ་ཁམས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་པས། མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་མེ་ཟོན་ལ་དམ་འཛིན་བྱེད་པ་དང་། མེ་ཁུངས་དོ་དམ་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། རི་གསེབ་དང་ནགས་ཁྲོད་དུ་སྐྱོད་པའི་འགག་སྒོ་ནན་པོ་སྲུང་བ། རི་ཁུལ་དུ་མེ་སྤྱོད་པར་དམ་འཛིན་ནན་པོ་བྱེད་པ། གཙོ་གནད་མི་ཚོགས་ལ་ལྟ་འདོམས་ནན་པོ་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཕྱོགས་ཡོངས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པ། དམངས་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ། འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་དྲ་བ་ཚགས་དམ་དུ་གཏོང་དགོས། རྨང་གཞི་བརྟན་དུ་བཏང་ནས་མེ་ཟོན་ལ་དམ་འཛིན་བྱེད་པ་དང་། མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། དངོས་ཟོག་དང་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱེད་པ། ས་གནས་ཀྱི་མེ་གསོད་ཆེད་ལས་རུ་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། མེ་ཟོན་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། འགན་འཁྲི་ནན་དུ་བཏང་ནས་མེ་ཟོན་ལ་དམ་འཛིན་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དང་ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི་ཡག་པོ་འཁུར་བ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པ། མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།