དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཟླ་དང་པོ་ནས་བཅུ་གཅིག་པའི་བར།

    རང་ལྗོངས་ནོར་སྲིད་ཀྱི་གཏོང་ཡོང་དམིགས་ཚད་གསུམ་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིིན་རེའི་ཚགས་པར།   |     སྤེལ་དུས།  2025-12-31

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱིས་སྔར་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་པའི་ཕན་འབྲས་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ལྗོངས་ཡོངས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་། ཁྲལ་བསྡུའི་ཡོང་འབབ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་བཅས་དམིགས་ཚད་གསུམ་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས། ལོ་གསུམ་བསྟུད་མར་གཞི་ཁྱོན་ཐད་ཟིན་ཐོ་གསར་པ་བཏོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལིའུ་ཝུའུ་ཡིས་ངོ་སྤྲོད་བྱས་དོན། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་287.18ཟིན་ནས་14.6%འཕར་བ་དང་། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་193.34ཟིན་ནས་19.7%འཕར་བ་དེས་ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་67%བཟུང་བ་དང་། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2715.61ཟིན་ནས་7.8%འཕར་ཡོད་པ་རེད། ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བྱས་པ་ལྟར་ན། 2025ལོར་ལྗོངས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་300ལས་བརྒལ་ཐུབ་རེ་ཡོད་པ་དང་། འགྲོ་སོང་སྒོར་དུང་ཕྱུར་3000ལས་བརྒལ་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཡོང་རེ་ཡོད་པ་རེད།

    མིག་སྔའི་བར། རིམ་རྩིས་བརྒྱབ་ན་བུན་དངུལ་སྒོར་དུང་ཕྱུར་266.1བཀོད་སྒྲིག་བྱས་ནས་ལྷ་སའི་གནའ་གྲོང་སྲུང་སྐྱོང་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་སོགས་གཙོ་གནད་རྣམ་གྲངས་ཁག་ཅིག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་16260དོན་འཁྱོལ་བྱས་ནས་མཐའ་མིའི་ཚོང་འབྲེལ་ཉོ་ཚོང་ཁུལ་དང་། མཐའ་མཚམས་ཉོ་ཚོང་ཁྲོམ་ར། མཐའ་མཚམས་ཉོ་ཚོང་ས་ཚིགས་འཛུགས་སྐྲུན་སོགས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ། 2025ལོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་15295དང་རང་སྐྱོང་ལྗོངས་ཀྱི་ཚོང་དོན་འཁོར་རྒྱུག་ལས་རིགས་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1904དོན་འཁྱོལ་བྱས་ཡོད་པ་རེད།

    2025ལོར། རང་ལྗོངས་ཀྱིས་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོར་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས“དངོས་པོར་མ་འཇོག” དང“མི་ལ་མ་འཇོག”ཟུང་འབྲེལ་བྱས་ཐོག་དམངས་འཚོ་ལེགས་སུ་བཏང་ནས་ནང་མཁོ་འཕར་བའི་བར་སྟོང་གསར་པ་བཏོད་པ་རེད། མིག་སྔའི་བར། ལྗོངས་ཡོངས་སུ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་247ལྷག་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་346 གཞི་རྩའི་འཚོ་བའི་རོགས་སྐྱོབ་དངུལ་ལེན་མཁན་མང་ཚོགས་ཁྲི་29.83བཅས་ཟིན་ཡོད། ཟླ་བ་བཅུ་གཅིག་པའི་ཚེས་30ཉིན་བར། རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་རྫོང་ལ་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་1972བཀོད་སྒྲིག་བྱས་པ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་གཞི་རིམ་གྱི“འགན་ལེན་གསུམ”གྱི་ནོར་ཤུགས་དགོས་མཁོ་འགན་ལེན་ནུས་ལྡན་བྱས་པ། མ་དངུལ་སྒོར་དུང་ཕྱུར་187བཀོད་སྒྲིག་བྱས་ནས་ཡོམ་འགོག་གེགས་སེལ་དང་། ལས་ཞུགས། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་དོན་དངོས་ཁག་28ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་དང་ཆབས་ཅིག དམངས་འཚོའི་དོན་དངོས་ཁག་བཅུ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བས། མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།