རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་དགུ་པ་འཚོགས་པ།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།
ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་དགུ་པ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2026ལོའི་ལོ་འཁོར་གྱི་ཁྲིམས་འཛུགས་ལས་དོན་དང་། ལྟ་སྐུལ་ལས་དོན། འཐུས་མིའི་ལས་དོན་བཅས་ཀྱི་འཆར་གཞིར་ཞིབ་འཇུག་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དང་། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོང་སྲོལ་ཡིག》སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་ཉན་པ་མ་ཟད།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་2024ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་རིམ་པའི་གཞུང་ཁོངས་ཁེ་ལས་ཀྱི་མ་རྩའི་རིགས་ཀྱི་དོན་གནད་གལ་ཆེན་གྱི་ཐབས་ཇུས་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་དང་། 2024ལོའི་ལོ་འཁོར་གྱི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་དེ་མིན་གྱི་ནོར་སྲིད་གཏོང་ཡོང་རྩིས་བཤེར་ནང་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་ཚུལ་གྱི་སྙན་ཞུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར། ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་དང་ཆེད་དོན་འདྲི་རྩད་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲོས་ཞིབ་བསམ་འཆར། ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་སྤེལ་ཚུལ་གྱི་ཆེད་དོན་འདྲི་རྩད་ལས་དོན་གྱི་ཕྱོགས་སྡོམ་ཉན་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་གྲོས་ཞིབ་བསམ་འཆར། 2025ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད་ཀྱི་བོད་ཀྱི་བྱ་སྤྱོད་བྱེད་སྒོ་སྤེལ་ཚུལ་གྱི་སྙན་ཞུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་བཅས་ལ་ཞིབ་འཇུག་བྱས་པ་དང་། གྲོས་ཞིབ་བསམ་འཆར་དེ་འབྲེལ་ཡོད་ཀྱི་བརྟག་ཞིབ་སྙན་ཞུ་དང་ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ་བཅས་མཉམ་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་འཇུག་ཐག་གཅོད་བྱེད་པར་བརྒྱུད་སྤྲོད་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
ཚོགས་འདུའི་ཐོག་ད་དུང་ཆེད་དོན་ཨུ་ཡོན་ལྷན་ཁང་དང་། ལས་དོན་ཨུ་ཡོན་ལྷན་ཁང་། རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་བཅས་ཀྱི་2025ལོའི་ལས་དོན་ཕྱོགས་སྡོམ་དང་2026ལོའི་གཙོ་གནད་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་དང་། ཁྲིམས་འཛུགས་ལས་དོན་ལམ་ལུགས་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཉན་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག རྒྱུན་ལས་ཨུ་ལྷན་གྱི་ལས་དོན་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཐོག་མངོན་པ། “གཙོ་གནད་གཉིས་དང་འཆར་གཞི་གསུམ”གྱི་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱེད་པ། ཁྲིམས་བཞིན་འགན་འཁྲི་འཁུར་བ་དང་ལས་དོན་ཁག་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།