དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ཚོགས་སྣེ་ཁྲིད་དེ་མ་ལེ་ཞི་ཡ་དང་སི་རི་ལན་ཁར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-29

    ཟླ་12ཚེས་21ཉིན་ནས་ཚེས་25ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་སྣེ་ཁྲིད་དེ་མ་ལེ་ཞི་ཡ་དང་སི་རི་ལན་ཁར་འཚམས་འདྲི་གནང་བ་རེད། ད་ཐེངས་ཀྱི་འཚམས་འདྲིར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དོན་འཁྱོལ་ལ་དམིགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་དང་འོས་སྦྱོར་གཏིང་ཟབ་དང་། བརྩེ་སེམས་ཟབ་མོས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ། སྲིད་ཏང་དབར་ཕན་ཚུན་འགྲོ་འོང་དང་། ཕན་ཚུན་དབར་གྱི་ཉམས་མྱོང་དཔྱད་གཞིར་འཛིན་རེས། ས་གནས་དབར་གྱི་མཉམ་ལས་བཅས་ཟབ་ཏུ་ཧུར་ཐག་བཏང་བ་རེད།

    འཚམས་འདྲི་གནང་རིང་། ཝང་ཅུན་ཀྲེང་གིས་མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཀྲ་ཤིས་ཏེ་དང་། རྒྱལ་ཚོགས་གྲོས་ཁང་འོག་མའི་དབྱི་ཀྲང་ཙོ་ཧ་ལི། དམངས་གཙོ་བྱ་སྤྱོད་ཏང་གི་དྲུང་ཆེ་དང་སྲིད་གཞུང་འགྲིམ་འགྲུལ་པུའི་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་བཅས་དང་། སི་རི་ལན་ཁའི་ཙུང་ཐུང་ཏི་ས་ནཱ་ཡ་ཁེ་དང་། གྲོས་ཚོགས་ཀྱི་དབྱི་ཀྲང་གཞོན་པ་སཱ་ལི་ཧོ། མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིར་ཝ། མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་སྲིད་གཞུང་གི་གཞུང་ལམ་འགྲིམ་འགྲུལ་དང་གྲོང་ཁྱེར་འཕེལ་རྒྱས་པུའི་པུའུ་ཀྲང་པི་མར་སོགས་སྲིད་ཏང་གི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་ཁག་སོ་སོར་མཇལ་འཛོམས་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཞིབ་ཚགས་བྱེད་པའི་སྐོར་ལ་སྤེལ་རེས་གཏིང་ཟབ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་སྲིད་ཏང་གི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་རང་རྟོགས་ངང་བསྐྱར་བསྒྲགས་དང་། གདན་ཞུས་ལྟར་ཚོགས་པ་ཀྲུང་གོར་འཚམས་འདྲིར་མངགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རང་རང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་འབྲེལ། མཉམ་ལས་དེ་བས་ཟབ་ཏུ་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འཐུས་མི་ཚོགས་པས་མ་ལེ་ཞི་ཡ་དང་སི་རི་ལན་ཁ་ཁག་སོ་སོར“འཆར་གཞི་གསར་པ་དང་འབྱུང་འགྱུར་གསར་པའི”དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་འཚོགས་ཤིང་། ཝང་ཅུན་ཀྲེང་གིས་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཁར། ཀྲུང་གོའི་འཕེལ་རྒྱས་དང་བོད་ཀྱི་ལག་ལེན་དང་ཟུང་འབྲེལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་འདུས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བློ་གྲོས་གཙོ་གནད་ཐོག་ངོ་སྤྲོད་གནང་བ་མ་ཟད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་དོན་སྙིང་གལ་ཆེན་དང་། ནང་དོན་གཙོ་བོ། དེ་བཞིན་མཐའ་འཁོར་དང་འཛམ་གླིང་ལ་གོ་སྐབས་ཧ་ཅང་ཆེན་པོ་སྐྲུན་ལུགས་ཀྱང་རྒྱས་བཤད་གཏིང་ཟབ་གནང་བ་རེད།

    ཆེད་དོན་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་གཉིས་ལ་ཕྱི་རྒྱལ་གྱི་སྐུ་མགྲོན་400ལྷག་ཙམ་ཞུགས་པ་དང་། སྨྱན་སྦྱོར་གྱིས་གནས་ཚུལ་གཏོང་སྤེལ་རྒྱ་ཁྱབ་བྱས་ཡོད། ཕྱི་ཕྱོགས་ཀྱིས་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཐབ་ཇུས་བཀོད་སྒྲིག་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཀྲུང་གོ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱས་ནས། རང་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    འཐུས་མི་ཚོགས་པས་རྒྱལ་ཁབ་གཉིས་ལ་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་པར་རིས་འགྲེམས་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་སོགས་ཀྱི་དམངས་འཚོའི་བྱེད་སྒོ་སྤེལ་བ་བརྒྱུད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་ཡོད། ཝང་ཅུན་ཀྲེང་མ་ལེ་ཞི་ཡར་བཞུགས་རིང་སྲིད་གཞུང་གི་འགྲིམ་འགྲུལ་དང་ཡུལ་སྐོར་སྡེ་ཚན་གྱི་འགན་འཁུར་བ་དང་མི་ཆོས་རིག་གནས་ཡུལ་སྐོར་དང་། མཁའ་དབྱིངས་དར་གོས་ཚོང་ལམ་འཛུགས་སྐྲུན། སྲོལ་རྒྱུན་གསོ་རིག་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གནང་བ་དང་། སི་རི་ལན་ཁར་བཞུགས་རིང་ལྷོ་རྒྱུད་ཞིང་ཆེན་དང་ནུབ་རྒྱུད་ཞིང་ཆེན་གྱི་ས་གནས་ཀྱི་འགན་འཁུར་བ་དང་གཞི་རིམ་ཏང་འཛུགས་སྐྱོང་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། རིག་གནས་རྒྱུན་འཛིན། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱིས་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་ལ་བསྔགས་བརྗོད་བྱས་ཤིང་། ཀྲུང་གོ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་དབར་གྱི་མཛའ་གྲོགས་འབྲེལ་བར་གཅེས་སྤྲས་བྱས་ནས་ཕྱོགས་གཉིས་པོའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མཛའ་གྲོགས་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།