རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཚོགས་འདུ་འཚོགས་པ།
ལིའུ་ཅང་གིས་གཙོ་སྐྱོང་དང་གསུང་བཤད་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་2025ལོའི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་བྱས་པ་དང་སྦྲགས། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་། སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའུ། ཆེད་དོན་ཨུ་ལྷན་གྱི་ཡན་ལག་ཏང་ཙུའུ་བཅས་ཀྱི་འགན་སྒྲུབ་སྙན་སེང་ཡང་གསན་པ་རེད།
བསོད་ནམས་ཉི་མ་དང་། མོང་ཞའོ་ལིན། པད་མ་དབང་འདུས། སྒྲོལ་དཀར། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཞུགས་ཡོད་པ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་སང་ལོའི་དཔལ་འབྱོར་ལས་དོན་གྱི་བཀོད་སྒྲིག་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཐོག རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པར་དམ་དུ་དམིགས་ནས། སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་པ་དང་། སྒྲོག་འགྲེལ་གཏིང་ཟབ་བྱེད་རིང་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་སྡུད། གྲོས་མོལ་སྲིད་གླེང་བྱེད་རིང་ཐེག་པ་ཁུར་ལེན་མངོན་པ་བཅས་བྱས་ནས་གདེང་ཚོད་བརྟན་དུ་གཏོང་བ་དང་། དམངས་སེམས་གཅིག་ཏུ་སྒྲིལ་བ། མི་སེམས་དྲོ་བར་བྱེད་པ། བློ་སེམས་གཅིག་མཐུན་ཡོང་བར་བྱེད་པ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ཏེ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
ལིའུ་ཅང་གིས་བླང་བྱ་བཏོན་དོན། དུས་རབས་གསར་པར་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་དང་། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་། ནན་ཏན། ཞིབ་ཕྲ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་སྔར་བས་ཡག་པོ་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་སྲིང་ལག་བསྟར་དང་། ཧ་ཅང་ནན་ཏན་དང་དམ་འཛིན་དོ་དམ་བྱེད་ཕོད་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། སྲིད་གྲོས་ཀྱིས་ལས་འགན་སྒྲུབ་པར་གྲུབ་འབྲས་གསར་པ་ཐོབ་པ་དང་ལས་དོན་ཁག་ལ་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།