དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཞིས་རྩེའི་མཐའ་མཚམས་འགག་སྒོ་དང་མངའ་རིས་རྩྭ་མདའ་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-29

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་གཞིས་རྩེའི་འགྲམ་དང་། སྐྱིད་གྲོང་། ལེགས་རྩེ་བཅས་འགག་སྒོ་དང་དེ་བཞིན་མངའ་རིས་རྩྭ་མདའ་རྫོང་དུ་ཕེབས་ཏེ། མཐའ་མཚམས་འགག་སྒོའི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། ས་བབ་ཀྱི་ལེཌ་ཆ་སྔར་བས་བཏོན་ནས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་དང་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། རང་བྱུང་གནོད་འཚེ་ལས་འགག་སྒོ་ཤར་གཏོང་དང་དཔལ་འབྱོར་ཚོང་དོན་འབྲེལ་བར་ཐེབས་པའི་ཤུགས་རྐྱེན་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱེད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བཅས་བྱས་ཏེ་བདེ་འཇགས་དང་། བརྟན་ལྷིང་། ཤར་བགྲོད་བཅས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པའི་ནན་བཤད་གནང་བ་རེད། བརྟག་ཞིབ་གནང་རིང་། ཀྲའོ་ཕེང་གིས་རྩྭ་མདའ་རྫོང་བྱང་རྩེ་ཤང་བྱང་རྩེ་གྲོང་ཚོ་དང་མཐོ་ལྡིང་དགོན་དུ་རྟོག་ཞིབ་གནང་བ་མ་ཟད། ད་དུང་གླང་ཆེན་ཁ་འབབ་འབབ་རྒྱུད་དུ་ཕེབས་ནས་ཆུ་བོ་དང་ནགས་ཚལ་ལ་སྐོར་ཞིབ་ཀྱང་གནང་བ་རེད།

    ཀྲའོ་ཕེང་གཞིས་རྩེའི་འགྲམ་དང་། སྐྱིད་གྲོང་། ལེཌ་རྩེ་བཅས་འགག་སྒོར་ཕེབས་ཤིང་། ཁོང་གིས། འགྲམ་འགག་སྒོའི་སླར་གསོ་བསྐྱར་སྐྲུན་གྱི་འཕེལ་རིམ་གསར་ཤོས་ལ་གཟིགས་ཞིབ་གནང་བ་དང་། སྐྱིད་གྲོང་འགག་སྒོའི་ཤར་གཏོང་འགན་ལེན་གྱི་སྐབས་འཕྲལ་ལྕགས་ཟམ་འཛུགས་སྐྲུན་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་བ། ལེགས་རྩེ་འགག་སྒོའི་འགག་སྒྲོལ་གྱི་ལས་ཆོད་ལ་ཤེས་རྟོགས་ཞིབ་ཕྲ་བཅས་གནང་བ་དང་། ཁོང་གིས། མཐའ་མཚམས་འགག་སྒོའི་འགག་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་དངོས་ཟོག་དང་མི་སྣ་མངའ་ཁོངས་སྒྲོལ་བའི་དགོས་མཁོ་སྐོང་བ། གླིང་ཁུལ་དང་འགག་སྒོ་མཉམ་འགུལ་འཕེལ་རྒྱས་ལ་ཤུཌ་སྣོན་རྒྱག་པ། མཐའ་མཚམས་ཚོང་དོན་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུཌ་གང་ལེགས་འདོན་པ་བཅས་བྱས་ཏེ། མཐའ་མཚམས་ཀྱི་བདེ་འཇཌ་སྲུང་བཅད་བརྟན་པོ་སྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།