དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་དོན་འཁྱོལ་བྱེད་པའི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

    ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-27

    ཚེས་25ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་དོན་འཁྱོལ་བྱེད་པའི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་ལན་སྤྲོད་བསམ་འཆར་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་ནན་པོར་གཞིགས་ནས། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་དག་ཐེར་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཙུང་ཀྲང་གཞོན་པ་བཅས་ཡིན་པའི་བསྟན་པས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། ཚུགས་གནས་མཐོ་རུ་བཏང་ནས་དག་ཐེར་མཐའ་གཅིག་ཏུ་བྱེད་དགོས། སྐྱེ་ཁམས་ཁྱབ་ཁོངས་སུ་སྐོར་ཞིབ་བྱས་ནས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་གྱི་ལས་དོན་ལ་དམ་འཛིན་བྱེད་པ་ནི“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་དོན་དངོས་ཀྱི་ཞིབ་དཔྱད་ཡིན་པས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་བཅས་དང་རང་རྟོགས་ངང་གཅིག་གྱུར་བྱས་ཏེ། བློ་ཐག་ཆོད་ཤོས་ཀྱི་རྣམ་འགྱུར་དང་། ཚད་གཞི་ནན་ཤོས། བྱེད་ཐབས་ལེགས་ཤོས། སྤྱོད་ཚུལ་ཆེས་ཏན་ཏིག་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་དག་ཐེར་དང་དག་ཐེར་གཏིང་ཟབ་བྱེད་པ་དང་དག་ཐེར་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། འགན་འཁྲི་ནན་གཏོང་དང་ནུས་ཤུགས་གཅིག་སྒྲིལ་གྱིས་དག་ཐེར་བྱེད་དགོས། ཆེད་དོན་དག་ཐེར་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་འགན་འཁུར་བ་དང་པོའི་འགན་འཁྲི་ཁུར་ནས་སྐོར་ཞིབ་དག་ཐེར་ལས་དོན་དེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”སྐྱེ་ཁམས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་འགན། རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་དག་ཐེར། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་གནད་དོན་དག་ཐེར་སོགས་དང་མཉམ་དུ་ཞིབ་འཇུག་དང་། མཉམ་དུ་ཇུས་འགོད། མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ས་ཁུལ་དང་གྲོང་ཁྱེར་ཁག་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་བཙུགས་ནས། འགན་འཁྲི་རང་འཁུར་དང་རང་འགན་གཙང་སྒྲུབ་བྱེད་དགོས་ལ། གཞོགས་འདེགས་དམ་ཟབ་དང་མཉམ་དུ་ལས་དོན་བསྒྲུབས་ནས་ཁུར་མཉམ་ལེན་དང་། དོན་སྤྱི་སྒྲུབ། མཉམ་འགུལ་དག་ཐེར་བཅས་བྱེད་པའི་ལས་ཀའི་རྣམ་པ་ཆགས་པར་བྱེད་དགོས། ཆེད་དོན་དག་ཐེར་ཚོགས་ཆུང་གཞུང་ལས་ཁང་གིས་ལས་རིམ་གསལ་འགོད་དང་རྩིས་བསྡུར་ཐོ་སུབ་བྱས་ནས། འགན་འཁྲི་དོན་འཁྱོལ་མ་བྱུང་བར་དུ་ལྷོད་གཡེང་མི་གཏོང་བ་དང་། གནད་དོན་དག་ཐེར་མ་ཐུབ་བར་དུ་མཚམས་མི་འཇོག་པ། དག་ཐེར་མཐར་མ་ཕྱིན་བར་དུ་ཕྱིར་འཐེན་མི་བྱེད་པ་བཅས་ཀྱི་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།