དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་དཔྱད་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2025ལོའི་དཔྱད་ཞིབ་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-26

    ཉེ་ཆར། རང་སྐྱོང་ལྗོངས་དཔྱད་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་2025ལོའི་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་ཙུའུ་ཀྲང་དང་། ཙུའུ་ཀྲང་གཞོན་པ། འབྲེལ་གཏུག་པ་བཅས་ཀྱི་ངོ་འཕྲད་ཚོགས་འདུ་འཚོགས་ཏེ་2025ལོའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ནི་ས་གནས་ཁག་དང་སྡེ་ཚན་ཁག་གིས“དོན་ཆེན་བཞིར”སྐུལ་འདེད་དང“འཛུགས་གཏོད་བཞིའི”ལས་དོན་དོན་འཁྱོལ་གྱི་ཕན་འབྲས་ལ་གཅིག་སྡུད་ཞིབ་བཤེར་བྱེད་པ་ཞིག་ཡིན་པས་ལྗོངས་ཏང་ཨུད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་དང་། དཔྱད་ཞིབ་ཀྱི་གཙོ་གནད་འབུར་དུ་ཐོན་པ། ཆབ་སྲིད་ཀྱི་ཚད་གཞི་མཐའ་འཁྱོངས་བཅས་བྱས་ཏེ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ཀྱི་དཔྱད་ཞིབ་སྟོན་ཕྱོགས་ལ་སྟངས་འཛིན་ཡང་དག་བྱེད་པ་དང་། དཔྱད་ཞིབ་ཕྱོགས་བསྡུས་དབྱེ་ཞིབ་དང་བརྡར་ཤ་གཅོད་ཤུགས་ཆེ་རུ་བཏང་ནས་དཔྱད་ཞིབ་ལས་དོན་གྱི་བརྒྱུད་རིམ་བརྟན་པོ་དང་དཔྱད་འབྲས་བདེན་པ་བདེན་ཐུབ་འགན་ལེན་བྱེད་དགོས། དཔྱད་ཞིབ་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་དཔྱད་ཞིབ་ལ་བརྟེན་ནས་མི་སྣ་འདེམས་རྒྱུ་མཐའ་འཁྱོངས་བྱས་ཏེ། དཔྱད་ཞིབ་དང་གདེང་འཇོག་གི“བཀོད་འདོམས་དབྱུག་པ”ཡག་པོ་སྤྱོད་པ་དང་། ཏང་ཡོན་དང་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་ཁྲིད་སྟོན་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ལོ་རྒྱུས་ཀྱི་ཕྱོགས་མཚམས་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་ཡག་པོ་རྩོམ་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས། དཔྱད་ཞིབ་ནང་ཞུགས་པའི་བློ་མཐུན་ཚང་མས་ལས་ཀའི་སྒྲིག་ཁྲིམས་ཁག་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། སླ་བཅོས་སྤུ་ཙམ་མི་བྱེད་པར་ཡག་ཐོག་ཡག་བརྩེགས་ཀྱི་སྒོ་ནས་ཞིབ་དཔྱད་ལས་དོན་ཁག་ལེགས་སྒྲུབ་བྱས་ཏེ་གཟུགས་བརྙན་བཟང་པོ་དང་རྒྱུགས་ལན་ཡག་པོར་བརྟེན་ནས་དཔྱད་ཞིབ་ལས་དོན་གྱི་སྤྱི་མོས་བྱེད་ཚད་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།