བསོད་ནམས་ཉི་མས་རྒྱལ་རྩེ་རྫོང་དུ་གཞི་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ། གཞི་རིམ་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་ནས། ཆོས་ལུགས་ལས་དོན་ལ་དོ་དམ་དང་། ཏང་ཕྱིའི་འཐུས་ཚབ་མི་སྣའི་ནུས་པ་འདོན་པ། གཞི་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱི་སྒྲིག་གཞི་བཙུགས་ཚུལ་དང་ལས་བྱེད་པ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག ཤང་དང་གྲོང་རྡལ་དང་། གྲོང་ཚོ། གཞི་རིམ་ཏང་ཀྲི་པུའི་འབྲེལ་གཏུག་ས་ཚིགས་བཅས་ལ་འབྲེལ་གཏུག་བྱས་ནས་རང་ངོས་འཛུགས་སྐྱོང་དམ་འཛིན་བྱ་རྒྱུར་མཛུབ་ཁྲིད་ཀྱང་གནང་བ་རེད།
བསོད་ནམས་ཉི་མས་བསྟན་དོན། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོཌ་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བསོད་ནམས་ཉི་མས་ནན་བཤད་གནང་དོན། ཉེན་ཁ་ཚབས་ཆེན་འགོག་སེལ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གྱིས་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་དགོས།
བརྟག་ཞིབ་གནང་རིང་། བསོད་ནམས་ཉི་མ་མྱང་ཆུ(རྒྱལ་རྩེའི་དུམ་བུ)དང་ནགས་དཔོན་ལམ་ལུགས་ཀྱི་ཐད་ཀའི་འགན་འཁྲི་ཁུལ་གྱི་རྫོང་སྟོད་སྡེ་ཁུལ་དུ་ཕེབས་ནས་ཆུ་བོ་དང་ནགས་ཚལ་ལ་སྐོར་ཞིབ་གནང་བ་དང་། ར་སོག་ཤང་ནོར་ཁང་གྲོང་ཚོ་དང་དཀྱིལ་མཁར་ཤང་ལ་འོག་གྲོང་ཚོར། བསོད་ནམས་ཉི་མས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཞིང་རོགས་ཞིང་དར་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།