དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོ

    (2025ལོའི་ཟླ་11ཚེས་26ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-26

    ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རྒྱུའི་ཐད་གཤམ་གསལ་གྱི་གྲོས་འགོ་བཏོན་པ་སྟེ།

    གཅིག “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཡིན།

    1.“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་གསར་པ་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་བོད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་རྒྱུན་གཏན་དང་སྤྱིར་བཏང་གཏན་ནས་མིན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་ཐེངས་གཉིས་གནང་སྟེ། སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ལ་གཞིགས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་རྒྱུར་ཁྲིད་སྟོན་གནང་ཡོད། ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱས་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་ཕྱིན་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་ཕྱིན་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་ཡོད། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཕྱི་ནང་ཕྱོགས་གཉིས་ཀར་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་བ་བཅས་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་འཚོའི་འདུ་འགོད་ལག་བསྟར་གཏིང་ཟབ་བཅས་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་སོང་ཡོད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་ལམ་སྲོལ་རྒྱུན་མཐུད་ལེགས་སུ་བཏང་སྟེ་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ཡོད། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོས་འཛུགས་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཟབ་སྤེལ་བཅས་བྱས་ནས་བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས་ཡོད། གྲུབ་འབྲས་གལ་ཆེན་དེ་དག་ཐོབ་པ་ནི་རྩ་བའི་ཆར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་རག་ལས་པ་དང་། རྩ་བའི་ཆར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་ཡོད་པ་མ་ཟད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུའང་ཡིན།

    2.“ལོ་ལྔ་ཚན་བཅོ་ལྔ་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་སྲིད་པའི་དུས་བབ། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད། འཐབ་ཇུས་ཀྱི་ཐོན་ཁུངས་གྲབས་གསོག་རྟེན་གཞི། ནུས་རྒྱུ་གཙང་མའི་རྟེན་གཞི། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་བཅས་རེད་ལ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གཙོ་གནད་ས་ཁུལ་ཞིག་ཀྱང་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད། སྤྱིའི་ཆ་ནས་བལྟས་ན། བོད་ཀྱི་ལས་དོན་གྱི“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་འགྱུར་བ་བྱུང་མེད་པ་དང་། འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་འགྱུར་ལྡོག་གསར་པ་བྱུང་ཡོད།

    གོ་སྐབས་ཀྱི་ཆ་ནས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ་བོད་ལ་གཟིགས་ཞིབ་གནང་བར་ཕེབས་པ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་ཞིང་། རྒྱང་ལམ་གསར་པར་བོད་ཀྱི་ལས་དོན་ལ་འཆར་འགོད་གནང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་གང་མགྱོགས་འཛུགས་སྐྲུན་བྱེད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེན་མོ་སོགས་འཐབ་ཇུས་གལ་ཆེན་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་གྱི་ལེགས་ཆ་དང་། ཕུན་སུམ་ཚོགས་པའི་རང་བྱུང་དང་མི་ཆོས་རིག་གནས་ཐོན་ཁུངས་ཀྱི་རང་སྤུས་ལེགས་ཆ། སྐྱེ་ཁམས་ཁོར་ཡུག་བཟང་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ས་བབ་ཀྱི་ལེགས་ཆ། མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་མདུན་སྐྱོད་བྱེད་པའི་ལེགས་ཆ་བཅས་དེ་བས་མངོན་གསལ་དོད་པོ་བྱུང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མངོན་མེད་ནུས་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།

    འགྲན་སློང་གི་ཆ་ནས་བལྟས་ན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད་པ་མ་ཟད། གཙོ་གནད་ཁྱབ་ཁོངས་སུ་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཡང་ཡོད། འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ། རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ། དམངས་འཚོ་འགན་ལེན་ཐད་ཞན་ཆ་ཡོད་པ། ཐུན་མོང་འབྱོར་ཕྱུག་ཡོང་བའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ། མི་འབོར་དང་། མི་སེམས། ཤེས་ལྡན་པ་སོགས་མངོན་མེད་ཚོད་འཛིན་གྱི་རྒྱུ་རྐྱེན་ཡང་མངོན་གསལ་དོད་ཙམ་ཡོད། སྐྱེ་ཁམས་ཁོར་ཡུག་ཚོར་བ་སྐྱེན་ལ་ཉམས་ཞན་ཡིན་པས་འཕེལ་རྒྱས་དང་སྲུང་སྐྱོང་གི་འགལ་བ་སྔར་བཞིན་མངོན་གསལ་དོད་པོ་ཡོད། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་འདེགས་སྐྱོར་ནུས་པ་ཞན་པས་དེང་རབས་ཅན་གྱི་འཕེལ་རྒྱས་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད།

    འགྲན་སློང་དབང་གིས་སྒུལ་ཤུགས་ཆེན་པོ་འཕེལ། གོ་སྐབས་ཀྱིས་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་དེ་བས་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་འཐབ་ཇུས་ཀྱི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བཅས་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རིང་བྱས་རྗེས་གསར་པ་འཇོག་པ་དང་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

    གཉིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ།

    3.“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཧུར་ཐག་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ་བཅས་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། སྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྩ་བའི་འགན་ལེན་དུ་བྱེད་པ་བཅས་བྱས་ནས། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་རྒྱུན་མཐུད་གཏིང་ཟབ་ངང་དམ་འཛིན་ཡག་པོ་བྱེད་པ་དང་། དགེ་མཚན་ཆེ་རིགས་འདོན་སྤེལ་གང་ལེགས་བྱེད་པ། དཔལ་འབྱོར་ནུས་ལྡན་གྱིས་སྤུས་ཚད་མཐོར་འདེགས་དང་ལུགས་མཐུན་གྱིས་འབོར་ཚད་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་དེ་བས་བརྟན་པོ་བཏིང་ནས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོན་པའི་འགན་ལེན་བྱེད་དགོས།

    4.“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བླང་བྱ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་དབྱང་གིས་གསལ་སྟོན་གནང་བའི་རྩ་དོན་གཞིར་བཟུང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས། ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས། སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་མཐའ་འཁྱོངས་བཅས་བྱེད་དགོས། བོད་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཤམ་གསལ་གྱི་བླང་བྱ་གཙོ་གནད་ཐོག་ཁོང་དུ་ཡག་པོ་ཆུད་པར་བྱེད་དགོས།

    —— ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཏང་གི་འགོ་ཁྲིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་རྩ་བའི་འགན་ལེན་མཁོ་འདོན་བྱེད་དགོས།

    —— འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། འཕེལ་རྒྱས་གཏོང་སྟངས་ཏན་ཏིག་སྒྱུར་བ། ལྗང་མདོག་གིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་གྲུབ་ཆ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་སྙོམས། དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས།

    —— “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ཚང་དགོས་པ་དང་། ཚང་མར་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ཚང་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ཚང་དགོས་པ། ཚང་མར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བར་ཕན་ཐོགས་དགོས་པ་བཅས་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་བཙུགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

    —— “དོན་ཆེན་བཞིར”དམིགས་ནས་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པར་བྱས་ཏེ། རྒྱལ་ཁབ་ཀྱི་འགན་འཁྲི་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་རིང་གི་བོད་ཀྱི་འགན་འཁྲི་འཁུར་སེམས་སྔར་བས་མངོན་གསལ་དོད་དུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

    —— སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་གཏིང་ཟབ་པའི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོས་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་དང་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཕྱི་ནང་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ནང་ཧུར་ཐག་ཞུགས་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

    —— སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་དབར་དགེ་མཚན་ལྡན་པའི་མཉམ་འགུལ་མཐའ་འཁྱོངས་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་དུས་བབ་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་བདེ་འཇགས་ཀྱི་བཀོད་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་འགན་ལེན་བྱེད་དགོས།

    5.“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ།

    —— ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་དེ་བས་སྲ་བརྟན་དུ་གཏོང་བ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་གཏིང་ཟབ་ཡོང་བ་བྱེད་དགོས།

    —— ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་། དཔལ་འབྱོར་འཕར་བའི་མངོན་མེད་སྟོབས་ཤུགས་ཕྱོགས་ཡོངས་ནས་འདོན་སྤེལ་ཐུབ་པ། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དཔེ་གསར་ཅན་ལ་འཕེལ་རིམ་གལ་ཆེན་ཐོན་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བའི་ནང་མཉམ་འདྲེས་ཐུབ་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བཅས་ལ་ཚད་བརྒལ་གལ་ཆེན་ཡོང་བ་བྱེད་དགོས།

    —— ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་ལ་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ། སྒོ་དབྱེའི་ལས་སྟེགས་འཛུགས་སྐྲུན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱེད་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་གཙོ་ཆེའི་སྒོ་མོ་དང“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་གལ་ཆེན་གྱི་འདེགས་སྐྱོར་ནུས་པ་དེ་བས་མངོན་གསལ་དོད་དུ་གཏོང་བ་བཅས་བྱེད་དགོས།

    —— མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ལ་འཕེལ་རིམ་གསར་པ་ཡོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ། སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་པའམ་ཡང་ན་དེར་སླེབས་པ། སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་བྱེད་དགོས།

    —— མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་འཕེལ་རིམ་གལ་ཆེན་ཡོང་བར་བྱེད་དགོས། ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གཞི་རྩའི་ཆ་ནས་གྲུབ་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུ་རྒྱུན་འཁྱོངས་བྱེད་པ། དྭངས་གཙང་དང་། ཐཱན་ཉུང་། བདེ་འཇགས། ནུས་ཆེ་བཅས་ཀྱི་ནུས་རྒྱུའི་མ་ལག་གསར་པ་རགས་ཙམ་གྲུབ་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་རྒྱ་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རིམ་གྱིས་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་བཅས་བྱེད་དགོས།

    —— རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དེ་བས་བརྟན་པོ་ཡོང་བ་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་གྲུབ་འབྲས་གལ་ཆེན་ཐོབ་པ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་བྱེད་དགོས།

    རྨང་གཞི་དེའི་ཐོག་སླར་ཡང་འབད་འཐབ་ལོ་ལྔ་བྱས་ནས་2035ལོར་སླེབས་སྐབས་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ལེགས་ལྡན་ཐོན་ལས་ཀྱི་འགྲན་རྩོད་ནུས་པ། ལྗང་མདོག་ཐོན་སྐྱེད་ནུས་ཤུགས། རྒྱལ་སྲུང་མཐའ་སྲུང་གི་འཐབ་ཇུས་འགན་སྲུང་ནུས་པ་བཅས་ཧ་ཅང་ཆེ་རུ་གཏོང་བ་དང་། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའི་བརྩོན་ལེན་བྱེད་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཡོང་བ་བཅས་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།

    གསུམ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་དུས་བབ་སྲ་བརྟན་དུ་གཏོང་དགོས།

    6. ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བའི་ཁྲིད་སྟོན་བྱེད་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཤུགས་ཆེན་གཏོད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། བོད་ལྗོངས་དང་ནང་སའི་དབར་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕན་ཚུན་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་འདུ་འགོད་དང་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།

    7.བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་དགོས། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་གཞིར་བཟུང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཆོས་ལུགས་ལས་དོན་སྐོར་གྱི་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོར་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་སྟེ་ཆོས་ལུགས་ལས་རིགས་ཀྱིས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནུས་པ་དེ་བས་ལེགས་པ་འདོན་ཐུབ་པའི་ཁྲིད་སྟོན་བྱེད་དགོས།

    8.སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་དགོས། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ནས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་གི་འདུ་འགོད་གསར་གཏོད་ལག་བསྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་མ་ལག་གཏོད་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་བ་དང་། བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་ནུས་པ་རྒྱ་སྐྱེད་གཏོང་བ། མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་དགོས། སློབ་གྲྭར་ཤེས་དཔལ་གྱི་བྱ་སྤྱོད་སྤེལ་ནས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

    9.རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་ཆེད་དོན་རྣམ་གྲངས་གལ་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ལ་ཤུགས་རྒྱག་པ། རྒྱལ་ཁབ་བདེ་འཇགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་སྔོན་བརྡ་དང་སྔོན་དཔག་ལམ་སྲོལ་དང་། ཉེན་ཁ་དོ་དམ་ཚོད་འཛིན་དང་ཐག་གཅོད་ལམ་སྲོལ། ཐབས་ཇུས་གལ་ཆེན་གྱི་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁའི་ཚོད་སྐོར་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་བོད་འབྲེལ་གྱི་རྒྱལ་སྤྱིའི་དྲིལ་བསྒྲགས་ནུས་ཕྱོད་ཆེ་རུ་ཏན་ཏིག་གཏོང་དགོས། རྒྱལ་སྲུང་གི་སྐུལ་སློང་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་ཟབ་ཏུ་གཏོང་དགོས། དྲ་རྒྱའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས།

    10.སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱིའི་སྔོན་འགོག་ཚོད་འཛིན་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “ལྷུ་ཚིགས་གསུམ”ལ་དམ་འཛིན་ཏན་ཏིག་བྱེད་པ། “ནུས་པ་གསུམ”ཟམ་མི་ཆད་པར་ཆེ་རུ་གཏོང་བ། “ལམ་སྲོལ་གསུམ”འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གཞི་རིམ་དང་ཐོན་བཟོ་ཡོད་པའི་ས་ནས་ཐག་གཅོད་ཧུར་ཐག་བྱེད་དགོས། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་མི་སེམས་གཅིག་སྒྲིལ་དང་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་ལས་སྟེགས་ལེགས་སུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཁུལ་དབྱེ་ལེགས་གཏོང་དང་གྲོང་ཁྱེར་བཅོས་སྐྱོང་ཕན་ཚུན་གཞོགས་འདེགས་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ལས་དོན་པའི་དཔུང་ཁག་དང་དང་བླངས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཤང་གྲོང(ཁྲོམ་གཞུང)གི་འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། གྲོང་ཚོའི(སྡེ་ཁུལ)ལས་ཀའི་དོན་ཚན་གྱི་ཆོག་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་གྲོང་སྡོད་ལས་དོན་གྱི་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱེད་དགོས། གྲོང་མིའི་སྤྱི་ཆིངས་དང་ཡུལ་སྲོལ་དམངས་ཆིངས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    11.སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་སྒྲོམ་གཞིའི་འོག་གི་འཕྲལ་སྡོམ་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱ་ཐབས་སྔོན་འགོག་བྱེད་པའི་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་ངོ་བོའི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་གྲལ་བཤེར་བཅོས་སྒྲིག་དང་འགན་འཁྲི་ལྡོག་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཕྱོགས་གསུམ་པ་ཆེད་ལས་ཅན་གྱི་བདེ་འཇགས་ལྟ་འདོམས་དང་ཞབས་འདེགས་ཞུ་བའི་ནང་ཞུགས་རྒྱུ་འཚོལ་ཞིབ་བྱེད་དགོས། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། རྒུད་སྐྱོབ་དང་། ཐོལ་བྱུང་སྤྱི་པའི་དོན་རྐྱེན་ཚབས་ཆེན་བཅས་ཀྱི་ཐག་གཅོད་འགན་སྲུང་དང་ནུས་པ་གསོག་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གེགས་འགོག་གི་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་རིག་ནུས་ཅན་དང་བཀོད་འདོམས་རོགས་སྐྱོབ་ཆ་འཕྲིན་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་ཆད་པ་ནན་པོ་བཅད་དེ། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    བཞི། ས་མཐོའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོ་བསྐྲུན་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    12.གཙོ་ཁྲིད་ཀྱི་ཀ་རྟེན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། ལྗང་མདོག་གཏེར་ལས་སོགས་ཀྱི་ཀ་རྟེན་ཐོན་ལས་གཙོ་གནད་འཕེལ་རྒྱས་བཏང་སྟེ། ས་ཁོངས་དཔལ་འབྱོར་གྱི་འཕར་ཤུགས་ཆེན་པོ་གཏོད་དགོས། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ནས“ཡུལ་ཟོག”གི་ལས་དོན་ཡག་པོ་སྒྲུབ་པར་དམིགས་པ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་འདུ་འགོད་དང་། དེང་རབས་ཀྱི་སོན་ལས་ལེགས་གཏོང་འདུ་འགོད། སྒྲིག་བཀོད་ཞིང་འབྲོག་ལས་དེང་རབས་ཅན་ལ་འགྱུར་བའི་བྱ་སྤྱོད་བཅས་ལག་ལེན་བསྟར་བ། དེང་རབས་ཀྱི་ཞིང་འབྲོག་ལས་གཉེར་སྐྱོང་མ་ལག་སྟོབས་ཆེར་གཏོང་བ། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་ལས་ཀྱི་སྤུས་རྟགས་གཏོད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་རིམ་བཞིན་དེང་རབས་ཅན་གྱི་ཐོན་ལས་ལ་སྐྲུན་དགོས། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་འབྲེལ་ཡོད་འཆར་འགོད་ལག་བསྟར་དང་རྣམ་གྲངས་འཛུགས་སྐྲུན་ལ་བརྒྱུད་རིམ་ལྡན་པར་སྐུལ་འདེད་གཏོང་བ་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་གཞོགས་འདེགས་དང་སྐུལ་འདེད་གཏོང་བ། གཙོ་གནད་འབབ་རྒྱུད་ཀྱི་ཆུ་གློག་འཆར་འགོད་གསར་སྤེལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཆུ་རླུང་འོད་སོགས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ནུས་རྒྱུ་གཙང་མའི་སྒྲིག་ཆས་ཀྱི་ཐོན་ལས་ཚོ་འདུས་སྐྱེད་སྲིང་བྱེད་དགོས། ནུས་གསོག་གསར་པ་བརྟན་ལ་ལེགས་བསྡུས་ངང་འཕེལ་རྒྱས་བཏང་ནས་ནུས་རྒྱུ་གཙང་མ་དང་ནུས་གསོག་གསར་པ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གློག་ཤུགས་ཁྲོམ་རའི་མ་ལག་མགྱོགས་པོ་སྐྲུན་དགོས། རིག་གནས་ཡུལ་སྐོར་ཐོན་ལས་གང་མགྱོགས་སྐྱེད་སྲིང་བྱས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལམ་སྲོལ་ལེགས་སུ་གཏོང་བ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། རིག་ལྡན་ཡུལ་སྐོར་ཞབས་ཞུའི་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཡུལ་སྐོར་རྫོང་གྲགས་ཅན་དང་། མཛེས་ལྗོངས་ཁུལ་རྩེ་གྲ། ཡུལ་སྐོར་ལམ་ཐིག་རྩེ་གྲ། རིག་གནས་ཡུལ་སྐོར་གྱི་བར་ཁྱམས་ཁག་གཅིག་སྐྲུན་པ་བཅས་བྱས་ཏེ། སྣེ་འདྲེན་རིག་གནས་ཡུལ་སྐོར་ཁེ་ལས་ཁག་གཅིག་ལ་རྒྱབ་སྐྱོར་དང་སྐྱེད་སྲིང་བྱེད་དགོས། ལྗང་མདོག་གཏེར་ལས་ནུས་སྐྱེད་སྤུས་འདེགས་དང་འཁོར་འབྲེལ་རིན་འཕར་ལ་སྐུལ་འདེད་བཏང་ནས་ཐོན་ཁུངས་ལས་སྣོན་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་དང་། རེས་སྐོར་གསར་པའི་གཏེར་འཚོལ་འགག་སྒྲོལ་གྱི་འཐབ་ཇུས་བྱ་སྤྱོད་ལག་ལེན་བསྟར་བ། འཐབ་ཇུས་རང་བཞིན་གྱི་གཏེར་རྫས་རྩད་ཞིབ་གསར་སྤེལ་ལ་སྐུལ་འདེད་བརྟན་པོ་གཏོང་བ། ལྗང་མདོག་གཏེར་འདོན་ལག་རྩལ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བདེ་འཇགས་གཏེར་རི་དང་། ལྗང་མདོག་གཏེར་རི། རིག་ལྡན་གཏེར་རི་བཅས་སྐྲུན་དགོས།

    13.ཁྱད་ལྡན་དམངས་ཕན་ཐོན་ལས་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་དགོས། ཨར་ལས་རྒྱུ་ཆ་དང་། བོད་སྨན་ལས་རིགས། ས་མཐོའི་ཡང་བའི་བཟོ་ལས། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ལས་རིགས་སོགས་དམངས་ཕན་ཐོན་ལས་ཀྱི་ནང་དོན་ཁྱབ་རྒྱ་ཕུན་སུམ་ཚོགས་སུ་བཏང་སྟེ། ཐོན་ལས་དམངས་ཕྱུག་གི་ཐབས་ལམ་གསར་པ་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་དགོས། ཨར་སྐྲུན་རྒྱུ་ཆའི་ཐོན་ལས་འཁོར་འབྲེལ་ཚོགས་པ་བཙུགས་ནས་རྒྱལ་ནང་གི་སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་དང་ལྗང་མདོག་ཨར་སྐྲུན་རྒྱུ་ཆ་སོགས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཏེ་བོད་དུ་གཞིས་ཆགས་པ་དང་། ཨར་སྐྲུན་ཁྲོམ་རའི་ཡིད་རྟོན་གདེང་འཇོག་ལམ་ལུགས་ལེགས་སུ་གཏོང་བ། ཨར་སྐྲུན་རྒྱུ་ཆའི་ཁེ་ལས་ལ་ལྗང་མདོག་ཕྱོགས་སྒྱུར་དང་གཅིག་སྡུད་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ། སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་དང་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་གཏོང་དགོས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། བོད་ཀྱི་གསོ་བ་རིག་པ་དར་རྒྱས་གོང་འཕེལ་གྱི་འདུ་འགོད་ལག་བསྟར་བྱས་ཏེ། གོ་རིམ་ལྟར་བོད་ཀྱི་གསོ་བ་རིག་པའི་ཚད་ལྡན་ཅན་གྱི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་ལྟེ་གནས་སྐྲུན་པ། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསོ་རིག་གི་གནས་ལུགས་ཞིབ་འཇུག ཐོན་ཁུངས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། བོད་སྨན་སྨན་རྒྱུ་འདེབས་གསོའི་ལས་སྣོན་རྟེན་གཞི་ཁག་གཅིག་བསྐྲུན་རྒྱུའི་བཀོད་སྒྲིག་བཅས་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ས་མཐོའི་ཡང་བའི་བཟོ་ལས་ཀྱི་སྤུས་རྟགས་གཏོད་པ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ནས། སྤོས་དང་། ཐང་ག བོད་བཟོའི་འཛིན་ཆས། མི་རིགས་ཀྱི་རྒྱན་གོས། ལྕགས་རིགས་ལས་སྣོན། བོད་རུམ་སོགས་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རང་བྱུང་འཐུང་ཆུའི་ཐོན་ལས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་མཐོའི་ཐབ་ཆས་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། མཐའ་མཚམས་ཚོང་དོན་དང་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཨེ་ཤེ་ཡ་ལྷོ་མར་སྒོ་དབྱེ་བའི་ཚོང་ཟོག་བསྡུ་འགྲེམས་ལྟེ་གནས་གཙོ་བོ་ཧུར་ཐག་སྐྲུན་པ། བརྒྱུད་ཚོང་དང་མཐའ་མཚམས་གྲོང་མིའི་ཚོང་འབྲེལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལས་སྣོན་ཚོང་དོན་འཕེལ་རྒྱས་གཏོང་རྒྱུ་འཚོལ་ཞིབ་བྱེད་པ། ཟོག་འགྲེམས་ལྟེ་གནས་དང་། སྐམ་སའི་གྲུ་ཁའི་འགག་སྒོ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་སོགས་ཀྱི་སྒོ་དབྱེའི་ལས་སྟེགས་ལ་བརྟེན་པ་བཅས་བྱས་ཏེ། ནང་ཁུལ་དང་ཕྱི་ཕྱོགས་ཚོང་དོན་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

    14.གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་དགོས། གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་སྐྱེད་སྲིང་བྱེད་པ། དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་ཐབས་རིག་ནུས་ཀྱིས་ཐོན་ལས་འཕེལ་རྒྱས་དང་། རིག་གནས་འཛུགས་སྐྱོང་། དམངས་འཚོ་འགན་ལེན། སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་སོགས་ལས་རིགས་ཁག་ལ་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་དགོས། “རྩིས་ནུས་ཀྱི་ཇོ་མོ་གླང་མའི”བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ཏེ། ས་ཁོངས་རང་བཞིན་གྱི་ནུས་རྒྱུ་གསར་པའི་རྩིས་ནུས་ལྟེ་གནས་བསྐྲུན་ནས་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ནུས་མ་ལག་ནང་མཉམ་འདྲེས་མགྱོགས་པོ་ཡོང་བར་བྱེད་དགོས། ས་མཐོའི་ཁྱད་ལྡན་དམའ་དབྱིངས་དཔལ་འབྱོར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ནས། དམའ་དབྱིངས་འཕུར་སྐྱོད་འགན་སྲུང་དང་། ཕྱོགས་བསྡུས་ཞབས་ཞུ། ལྟ་འདོམས་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ལེ་ལག་ཚང་བའི་ཁེ་ལས་ནང་འདྲེན་གྱིས་དམའ་དབྱིངས་དཔལ་འབྱོར་གྱི་ཐོན་ལས་འཁོར་འབྲེལ་གཏོད་དགོས། བྱང་སྐར་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་ཐཱན་ཉུང་དང་བརྟན་ལྷིང་བདེ་འཇགས་ཀྱི་ཆིང་དབྱང་ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་དགོས།

    15.དེང་རབས་ཞབས་ཞུའི་ལས་རིགས་སྤུས་ལེགས་དང་ནུས་ཆེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དངུལ་རྩའི་ཞབས་ཞུ་དང་། ཚན་རྩལ་ཞབས་ཞུ། ལས་གྲྭའི་བློ་འདྲི། ཁོར་ཡུག་སྲུང་སྐྱོང་ཞབས་ཞུ། བཅའ་ཁྲིམས་ཞབས་ཞུ། རྩིས་གཉེར་རྩིས་བཤེར་ཞབས་ཞུ་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ“ཐོན་ལས་དང་ཞབས་ཞུ”ཟུང་དུ་འབྲེལ་བའི་ཐོན་ལས་ཁོར་ཡུག་གསར་པ་ཆགས་པར་བྱེད་དགོས། སྨན་བཅོས་བདེ་ཐང་དང་། སློབ་གསོ་གསོ་སྦྱོང་། ཁྱིམ་ལས་སྡེ་ལས། རྒན་གསོ་བུ་བཅོལ་སོགས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་བཏང་སྟེ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་སྤུས་ཚད་མཐོ་བ་དང་། སྣ་མང་ཅན། སྟབས་བདེ་ཅན་བཅས་སུ་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་དགོས།

    ལྔ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་པོ་བཏོད་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    16.དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། “འཕྲེད་གསུམ་གཞུང་གསུམ”གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཧུར་ཐག་བསྐྲུན་དགོས། ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུ་དང་། ཡུན་བོད་ལྕགས་ལམ་སྤོ་བོ་ནས་རྭ་འོག་བར་གྱི་དུམ་བུ། ཤིན་བོད་ལྕགས་ལམ་བོད་ལྗོངས་དུམ་བུ་བཅས་བསྐྲུན་པར་སྐུལ་འདེད་བཏང་སྟེ་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་གློག་རླངས་ཅན་གྱི་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་བ་དང་ལྷ་ཉིང་ལྕགས་ལམ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་དགོས། “ཕྱོགས་བཞི་ནས་བོད་དུ་སྐྱོད་པའི”གཞུང་ལམ་གྱི་བགྲོད་ལམ་གཙོ་བོ་རིམ་སྤོར་སྤུས་ལེགས་ཡོང་བར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། རྒྱལ་ལམ་དཀྱུས་མ་ཕྱོགས་ཡོངས་ནས་ཤར་བགྲོད་ཐུབ་པར་བྱེད་པ། ལྗོངས་ནང་ཁུལ་གྱི་རིམ་མཐོའི་གཞུང་ལམ་དུམ་བུ་ཡུག་ཅིག་དྲ་བ་ཆགས་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་ནང་སྔ་ཙམ་མཉམ་འདྲེས་ཐུབ་པ། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཆུ་ཚད་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། མ་ལམ་དང་ཡན་ལག་མཁའ་ལམ་སྦྲེལ་མཐུད་ཀྱི་མཁའ་འགྲུལ་དྲ་བ་བཙུགས་ནས་ལྷ་སའི་གནམ་ཐང་གསར་པ་འཆར་འགོད་ཞིབ་འཇུག་གིས་ཡན་ལག་མཁའ་ལམ་གྱི་གནམ་ཐང་དང་། གནམ་གྲུ་ཤར་གཏོང་ཐུབ་པའི་གནམ་ཐང་། གནས་སྐབས་འབབ་འཕུར་ས་ཚིགས་བཅས་ཁག་གཅིག་སྤྱོད་འགོ་ཚུགས་པ་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་དགོས།

    17.ས་མཐོའི་དེང་རབས་ཟོག་འགྲེམས་ལྟེ་གནས་དྲ་བ་འཛུགས་དགོས། ས་ཁོངས་ཟོག་འགྲེམས་ལྟེ་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་བསྐྲུན་ནས་འཚོ་བ་དང་ཐོན་ལས་ཀྱི་དངོས་ཟོག་འགྲོ་རྒྱུག་གི་མཁོ་སྤྲོད་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གྲང་ཕྲེང་ཟོག་འགྲེམས་ལྟེ་གནས་དང་སྤྱི་པའི་གྲང་མཛོད་ཁག་གཅིག་གཅིག་སྡུད་ཐོག་བསྐྲུན་པ་དང་། འགག་སྒོའི་ཟོག་འགྲེམས་ཀྱི་མཚམས་ཚིགས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། ལྷ་སའི་སྐམ་སའི་གྲུ་ཁའི་རིགས་དང་། གཞིས་རྩེའི(སྐྱིད་གྲོང)སྐམ་སའི་མཐའ་མཚམས་ཀྱི་འགག་སྒོའི་རིགས། ལྷོ་ཁའི་མཁའ་འགྲུལ་རིགས་སོགས་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་དང་ལྷ་སར་རྒྱལ་ཁབ་ཀྱི་རྐང་འཛིན་གྲང་ཕྲེང་ཟོག་འགྲེམས་རྟེན་གཞི་བསྐྲུན་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། སྐྱིད་གྲོང་འགག་སྒོའི་ཁྲལ་སྲུང་ཟོག་འགྲེམས་ལྟེ་གནས་བསྐྲུན་རྒྱུའི་རེ་ཞུ་འབུལ་དགོས། ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

    18.ནུས་རྒྱུ་གསར་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་སྐྲུན་དགོས། དྭངས་གཙང་དང་། ཐཱན་ཉུང་། བདེ་འཇགས། ནུས་ཆེ་བཅས་ཀྱི་ནུས་རྒྱུའི་མ་ལག་གསར་པ་མགྱོགས་པོ་བཏོད་དེ། ཆུ་ནུས་དང་། རླུང་ནུས། ཉི་ནུས། ས་འོག་ཚ་ནུས་བཅས་གསབ་རེས་དང་གློག་ཁུངས་དང་། གློག་དྲ། ཐེག་ཚད། གསོག་ནུས་བཅས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཧུར་ཐག་སྐྲུན་དགོས། ས་ཁོངས་ཀྱི་གློག་དྲ་ཕན་ཚུན་སྦྲེལ་མཐུད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཕྱིར་སྐྱེལ་བའི་བགྲོད་ལམ་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། “བོད་གློག་ཕྱིར་གཏོང”གི་ལས་གྲྭ་ལག་ལེན་བསྟར་བ། ལྗོངས་ནང་ཁུལ་གྱི་དྲ་སྒྲོམ་གཙོ་བོར་ཤུགས་སྣོན་རྒྱག་པ་དང་བགྲོད་ལམ་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཀྱི་གློག་དྲ་སྲ་བརྟན་མཐོར་གཏོང་ལས་གྲྭ་ལག་ལེན་བསྟར་དགོས། ནང་མཁོའི་འདེགས་སྐྱོར་རང་བཞིན་དང་སྙོམས་སྒྲིག་རང་བཞིན་གྱི་གློག་ཁུངས་རྣམ་གྲངས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། མཚོ་བོད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་ལས་གྲྭ་འཛུགས་སྐྲུན་ལ་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ་སྣུམ་རླངས་ཀྱི་རྒྱལ་ཁབ་འཐབ་ཇུས་གསོག་འཇོག་མཛོད་དང་ས་གནས་ཀྱི་བཅོས་སྣུམ་གསོག་འཇོག་མཛོད་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

    19.དེང་རབས་ཀྱི་ཆུ་དྲ་འཛུགས་སྐྲུན་བྱེད་དགོས། “གཙང་པོ་བཞི་དང་ཆུ་བོ་གཅིག”གི་རྐང་འཛིན་ཆུ་དྲ་དང་། རྐང་འཛིན་ཆུ་ཁུངས་ལས་གྲྭ། ཆུ་འདྲེན་ཆུ་གཏོང་བགྲོད་ལམ་བཅས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཆུ་ཁུངས་ལས་གྲྭ་དང་ལེ་ལག་ཚང་བའི་སྒྲིག་བཀོད་མགྱོགས་པོ་བསྐྲུན་པ། ཆུ་མཛོད་ལས་གྲྭ་དང་ཆུ་བེད་ལྟེ་བའི་ལས་གྲྭ་ཆེ་འབྲིང་ཁག་གཅིག་འཆར་འགོད་འཛུགས་སྐྲུན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་སྲུང་མ་ལག་ལེགས་སུ་བཏང་ནས་ས་བབ་མཐོ་བའི་ས་ཁུལ་གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་ཆུའི་ཐོན་ཁུངས་དཀོན་པའི་ས་ཁུལ་གྱི་ཆུ་སྤྱོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།

    20.རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཟོག་འབྲེལ་དྲ་རྒྱ་དང་། སྒུལ་བདེའི་མཉམ་སྦྲེལ་དྲ་རྒྱ། མི་ཐབས་རིག་ནུས། གྲངས་གཞི་ཆེན་པོ་སོགས་ལག་རྩལ་སྤྱོད་པར་སྐུལ་འདེད་ཧུར་ཐག་བཏང་ནས། བོད་ཀྱི་དོན་དངོས་དང་འཚམ་པའི་རྨང་གཞིའི་སྒྲིག་བཀོད་མ་ལག་གསར་པ་གཏོད་དགོས། IPv6གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གློག་འཕྲིན་ཡོངས་ཁྱབ་ཞབས་ཞུ་དང“དྲ་ཆེན་མཐའ་མཚམས”འཛུགས་སྐྲུན་ཟབ་ཏུ་གཏོང་བ། 5Gདང་ཆན་ཀྲའོ་ཡི་དྲ་རྒྱ་མུ་མཐུད་བསྐྲུན་ཏེ“ཆན་ཀྲའོ་གཉིས”ཀྱི་དྲ་རྒྱ་ནས“དབན་ཀྲའོ་གཉིས”ཀྱི་དྲ་རྒྱར་མངོན་འགྱུར་ཐུབ་པར་བྱེད་དགོས། ས་ཁོངས་ཀྱི་རྒྱལ་སྤྱིའི་འཕྲིན་གཏོང་ལྟེ་གནས་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་དགོས། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་དང་གྲངས་རིག་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་དགོས།

    21.རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས། འཐབ་ཇུས་དངོས་ཟོག་གྲབས་གསོག་མ་ལག་མགྱོགས་པོ་འཛུགས་པ་དང་། འཕྲལ་སྡོམ་འགན་སྲུང་གི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་འཛུགས་སྐྲུན་དང་ས་ཡོམ་དང་ས་གཤིས་གནོད་འཚེ་ཐོན་སླ་བའི་ས་ཁུལ་དུ་འཕྲལ་སྡོམ་རོགས་སྐྱོབ་གྲབས་གསོག་རྟེན་གཞི་འཆར་འགོད་འཛུགས་སྐྲུན་བྱས་ཏེ་མཐའ་མཚམས་འགག་སྒོར་མཛོད་ཁང་གི་སྒྲིག་བཀོད་ཁག་གཅིག་བཀོད་སྒྲིག་དང་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས། གནམ་གཤིས་དང་། ཆུ་དཔྱད། ས་གཤིས་གནོད་འཚེ་སོགས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ཉེན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་དང་རང་བྱུང་གནོད་འཚེའི་འགོག་སྲུང་ལས་གྲྭ་ཚད་ལྡན་ངང་བསྐྲུན་དགོས། གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་དང་མཐའ་མཚམས་ཀྱི་སྤྱི་པའི་མེ་ཟོན་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།

    དྲུག ཚན་རྩལ་གསར་གཏོད་ཀྱི་སྐུལ་སྤེལ་མཐའ་འཁྱོངས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས།

    22.ཚན་སློབ་མཐུན་སྦྱོར་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། གསར་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། མཐུན་སྦྱོར་ངང་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཚན་ཞིབ་ཁང་དང་སུའོ་དང་། མཐོ་རིམ་སློབ་གླིང་དང་སློབ་གྲྭའི་འབྱུང་ཁུངས་གསར་གཏོད་ཀྱི་གནས་བབ་ཇེ་ཆེར་གཏོང་བ་དང་བོད་ཀྱི་མཐོ་རིམ་ཞིབ་འཇུག་ཁང་འཛུགས་རྒྱུ་འཚོལ་ཞིབ་བྱས་ཏེ། ས་མཐོའི་ཁྱད་ལྡན་ལེགས་ཆའི་རིག་ཚན་མགྱོགས་པོ་འཛུགས་པ་དང་གོ་རིམ་ལྟར་ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་དང་འཚམ་པའི་ཆེད་ལས་ཁག་གཅིག་མང་དུ་གཏོང་བའམ་ལེགས་སྒྲིག་རིམ་སྤོར་བྱས་ཏེ། “རྩེ་གྲ་གཉིས”དང“མཐོ་གཉིས”གཏོད་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ལས་རིགས་སློབ་གསོ་དང་སློབ་གསོ་དཀྱུས་མ་མཉམ་འདྲེས་དང་། ཐོན་སློབ་མཉམ་འདྲེས། ཚན་སློབ་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཚན་ཞིབ་ལས་ཁུངས་དང་། གསར་གཏོད་ལས་སྟེགས། ཚན་རྩལ་འཆར་འགོད་ཤེས་ལྡན་པ་བཅས་གཅིག་སྡུད་གསོ་སྐྱོང་གི་ནུས་པ་ཧུར་ཐག་འདོན་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་སྣེ་ཁྲིད་ཁེ་ལས་དང་རྐང་འཛིན་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་སྤེལ་སྒྲིག་གཞི་འཛུགས་པ། ཞིབ་སྤེལ་ཚོགས་པ་གསོ་སྐྱོང་བྱེད་པ། གསར་གཏོད་མནའ་འབྲེལ་འཛུགས་པ་བཅས་ལ་རྒྱབ་སྐྱོར་གྱིས“ཆེད་ཞིབ་ཁྱད་གསར”བཅས་ཀྱི་ཁེ་ལས་འབྲིང་ཆུང་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་གསར་གཏོད་ལག་ལེན་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

    23.མཚོ་བོད་ས་མཐོའི་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་གཏོད་དགོས། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་ལ་མ་དངུལ་གཏོང་བའི་རྒྱབ་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚན་ཞིབ་གདེང་འཇོག་མ་ལག་དང་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། ཚན་རྩལ་ལས་འགན་གལ་ཆེན་བཀོད་སྒྲིག་དང་ལག་བསྟར་མགྱོགས་པོ་བྱེད་པ། ཚོད་ལྟ་བྱེད་རིང་ཞིབ་དཔྱད་ར་སྤྲོད་ལས་སྟེགས་བསྐྲུན་པ། ས་མཐོར་འཚམ་པའི་འགག་རྩའི་ལྟེ་བའི་ལག་རྩལ་དང་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་འགག་སྒྲོལ་དང་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་དང་གྲུབ་འབྲས་གཞན་སྒྱུར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ཁྲོད་མཉམ་འདྲེས་ཧུར་ཐག་ཐུབ་པར་བྱེད་དགོས། ཚན་རྩལ་གྱི་རྨང་གཞིའི་ཆ་རྐྱེན་གཏོད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་རྒྱུའི་རེ་ཞུ་ཧུར་ཐག་འབུལ་བ། རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་ཀྱིས་བོད་དུ་ཉིང་ལག་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་བ། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་ལག་རྩལ་གསར་གཏོད་ལྟེ་གནས་སོགས་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱི་རྟེན་གཞི་ཁག་གཅིག་འཆར་འགོད་བཀོད་སྒྲིག་བྱེད་དགོས། ཤེས་བྱའི་བདག་དབང་ཕྱོགས་བསྡུས་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་དགོས།

    24.ཤེས་ལྡན་པའི་ལྗོངས་སྟོབས་ཆེན་འཛུགས་པར་སྐུལ་འདེད་གཏོང་དགོས། “ནང་འདྲེན་དང་། བེད་སྤྱོད་ཡག་པོ། སྐྱེད་སྲིང་། སྡོད་ཐུབ་པ”བཅས་ཀྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ། “ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་ལྟེ་བར་བྱས་པའི་རིམ་དབྱེའི་ཤེས་ལྡན་པ་གསོ་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གསར་གཏོད་རྣམ་པ་དང་། ཉེར་སྤྱོད་རྣམ་པ། རྩལ་ནུས་རྣམ་པ་བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་ལྡན་པ་ནང་འདྲེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་པ་མཐོ་བ་དང་། འཕྲལ་མཁོ། ཧ་ཅང་དཀོན་པ་བཅས་ཀྱི་ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་དང་སློབ་གསོ་སོགས་ཀྱི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཤེས་ལྡན་པར་གདེང་འཇོག་བྱེད་པའི་ལམ་སྲོལ་ལེགས་སུ་གཏོང་བ། ཤེས་ལྡན་པར་ཞབས་འདེགས་ཞུ་བའི་འགན་སྲུང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།

    བདུན། ནུས་ལྡན་གྱི་དགོས་མཁོ་རྒྱ་སྐྱེད་ཧུར་ཐག་བཏང་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་རང་འགུལ་ངང་ཞབས་འདེགས་དང་དེའི་ནང་མཉམ་འདྲེས་བྱེད་དགོས།

    25.འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་དགོས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛད་སྤྱོད་སྲིད་ཇུས་དང་བྱེད་ཐབས་ལེགས་སུ་གཏོང་བ། དམངས་འཚོ་འགན་སྲུང་ཐད་སྲིད་གཞུང་གི་མ་དངུལ་གཏོང་སྒོ་མང་དུ་གཏོང་བ། རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་སྐབས་ཐོན་པའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་བ་དང་འགན་སྲུང་བཅས་བྱེད་དགོས། འཛད་སྤྱོད་ཀྱི་ལས་རྣམ་དང་རྣམ་པ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས། ཕོགས་ཡོད་འཚང་གཡོལ་འཁོར་ཞག་དོན་འཁྱོལ་བྱེད་དགོས། འཛད་སྤྱོད་ཁོར་ཡུག་ལེགས་གཏོང་དང་ལེགས་བཅོས་བྱས་ནས་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།

    26.ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་དགོས། མ་འཇོག་གི་བརྒྱུད་རིམ་ཧྲིལ་པོའི་སྲིད་གཞུང་གི་དོ་དམ་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མ་འཇོག་གི་ཞིབ་བཤེར་ཆོག་མཆན་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། སྲིད་གཞུང་གི་མ་འཇོག་ཁ་ཕྱོགས་དང་གཙོ་གནད་ལེགས་སུ་བཏང་ནས་སྲིད་གཞུང་གི་མ་འཇོག་གི་ཕན་འབྲས་སྔར་བས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པའི་རྣམ་གྲངས་འཛུགས་པར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས། མི་འབོར་གྱི་གྲུབ་ཆའི་འགྱུར་ལྡོག་དང་ཕྱོགས་མིའི་འཕེལ་ཕྱོགས་དང་འཚམ་པར་བྱས་ནས་དངོས་པོར་མ་འཇོག་དང་མི་ལ་མ་འཇོག་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་མ་དངུལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་ལམ་སྲོལ་གསར་པ་ཚད་ལྡན་ངང་ལག་བསྟར་བྱས་ནས་ཆ་རྐྱེན་དང་མཐུན་པའི་དམངས་གཉེར་ཁེ་ལས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་གྲྭ་དང་གཙོ་གནད་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་སྐྱོང་ལྗོངས་ཀྱི་ཐོན་ལས་ཐེབས་རྩའི་ཁྲིད་སྟོན་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་འཕེལ་བ་བཅས་བྱས་ནས་དམངས་ཁྲོད་ཀྱི་མ་འཇོག་བསྡུར་ཚད་མཐོ་རུ་གཏོང་དགོས།

    27.རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་ཧུར་ཐག་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་ཆེན་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ་དང་། སྒེར་སྡེམ་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཚུལ་མིན་གྱི་འགྲན་རྩོད་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ། ས་གནས་ཀྱི་སྲུང་སྐྱོང་དང་ས་ཁོངས་ཀྱི་བཀག་རྒྱ་གཏོར་བ། ཁྲིམས་ལྟར་འདྲ་མཉམ་ངང་ཞུགས་པ་དང་དོན་པར་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱེད་སྟངས་གཙང་བཤེར་དང་མེད་པར་བཟོ་བ། ཁྲོམ་ར་ལྟ་འདོམས་དང་ཁྲིམས་སྒྱུར་གཅིག་གྱུར་བྱེད་པ། ཚད་གཞི་མཐོ་བའི་ཁྲོམ་རའི་སྒྲིག་བཀོད་འབྲེལ་མཐུད་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་དགོས།

    བརྒྱད། ས་ཁོངས་དཔལ་འབྱོར་གྱི་བཀོད་ཇུས་ལེགས་སུ་བཏང་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    28.ས་ཁོངས་འཕེལ་རྒྱས་ཀྱི་བྱེད་ནུས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་གཙོ་གནད་ལས་གྲྭར་ཞབས་འདེགས་ཞུ་བར་དམིགས་ཏེ་ས་ཁུལ(གྲོང་ཁྱེར)ཁག་གི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། དགེ་མཚན་ཆེ་རིགས་བཅས་ལ་གཞི་ཚུགས་ནས་མི་འབོར་དང་རྒྱུ་རྐྱེན་གཙོ་བོ་སོགས་ལེགས་ཆ་ལྡན་པའི་ས་ཁུལ་དུ་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་རྩ་ཆེན་པོ་ཧུར་ཐག་བཏོད་ནས་བོད་ཤར་དང་། བོད་དབུས། བོད་ཀྱི་ ནུབ་བྱང་བཅས་སོ་སོའི་ལེགས་ཆ་འདོན་པ་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྷ་ས་ནས་ལྷོ་ཁ་བར་གྱི་འཕེལ་རྒྱས་ཀྱི་ལྟེ་གནས་རྒྱ་སྟོབས་ཆེ་རུ་གཏོང་དགོས། ལྷ་སའི་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་བཏོན་ཏེ་ལྷ་ས་ནས་ལྷོ་ཁ་བར་གྱི་དཔལ་འབྱོར་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ས་མཐོའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་གྱི་མཐོ་ས་དང་། ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ། སྤྱི་པའི་ཞབས་ཞུ་སྤུས་ལེགས་མཉམ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་གཏོད་དགོས། གཞིས་རྩེ་དང་ཆབ་མདོའི་ས་ཁོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་གྱི་བྱེད་ནུས་ཆེ་རུ་གཏོང་དགོས། གཞིས་རྩེའི་ལྟེ་བའི་ཡན་ལག་གྲོང་ཁྱེར་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་དབྱེ་བའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་དང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་མདོས་ས་ཁོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཉེ་འཁོར་དཔལ་འབྱོར་ཁུལ་གྱི་མཚམས་ཚིགས་གལ་ཆེན་དང་སྒོ་དབྱེའི་ལྟེ་གནས། འགྲིམ་འགྲུལ་གྱི་ལྟེ་གནས་བཅས་མཉམ་འདྲེས་ཡོང་བར་བྱས་ནས་བོད་ཤར་གྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས། ཉིང་ཁྲིའི་དཔལ་འབྱོར་གྱི་འཕར་སྣེ་གསར་པ་གཏོད་དགོས། སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་གྱི་སྣེ་ཁྲིད་ནུས་པ་བཏོན་ཏེ་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་འཛུགས་སྐྲུན་མཐུན་སྦྱོར་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ཉིང་ཁྲི་ལྟེ་བར་བྱས་པའི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་འཛུགས་སྐྲུན་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་དང་ཐོན་ལས་གསར་གཏོད་ཀྱི་མཐོ་ས་གཏོད་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས། ནག་ཆུ་དང་མངའ་རིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནག་ཆུས་བྱང་ཐང་གི་སྣུམ་རླངས་ནུས་རྒྱུའི་རྟེན་གཞི་དང་། ས་མཐོའི་ཁྱད་ལྡན་འབྲོག་ལས་ཐོན་རྫས་མཁོ་སྤྲོད་བྱ་ཡུལ། གླིང་སྣེའི་ས་མཐོའི་དངོས་རིགས་ཀྱི་ཚན་རིག་རྟོག་ཞིབ་རྟེན་གཞི་བཅས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས། མངའ་རིས་ཀྱིས་བོད་ནུབ་བྱང་གི་སྐྱེ་ཁམས་གསོ་འཁྱོངས་ཁུལ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་དབྱེ་བའི་མཚམས་ཚིགས་གལ་ཆེན། བོད་ནུབ་ཀྱི་གཏེར་ལས་ནུས་རྒྱུའི་རྟེན་གཞི་གལ་ཆེན་བཅས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

    29.རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་དང་དེའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། བྱེད་ནུས་ཁུལ་གཙོ་བོའི་ཕྱོགས་བསྡུས་བཀོད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐའ་མཚམས་ས་ཁུལ་དང་། ནུས་རྒྱུའི་ཐོན་ཁུངས་གཅིག་སྡུད་ཁུལ། ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་གཅིག་སྡུད་ཁུལ་སོགས་དམིགས་བསལ་བྱེད་ནུས་ཁུལ་གྱི་མཉམ་འདུས་བཀོད་ཇུས་དང་བྱེད་ནུས་སྣོལ་རྩེག་བཅས་སྟོབས་ཆེར་གཏོང་བ། ཧེ་བག་ཅན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡག་པོ་འཐུས་ཚང་སྤྱོད་པ། བྱེད་ནུས་ཁུལ་གཙོ་བོའི་ས་ཁོངས་ཀྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཅིག་གྱུར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་འཆར་འགོད་མ་ལག་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་བ་དང་། “ཁུལ་གསུམ་དང་འཐབ་ས་གསུམ”དབྱེ་འབྱེད་ལེགས་སུ་གཏོང་བ། གོ་ཆོད་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་དོ་དམ་ཚོད་འཛིན་སྲིད་ཇུས་དོན་འཁྱོལ་བྱེད་དགོས།

    དགུ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས།

    30.གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་མགྱོགས་སུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱས་ཏེ། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་དགོས། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་ཇུས་ལེགས་སུ་དང་གྲུབ་ཚུལ་ལེགས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་བྱ་སྤྱོད་ཇུས་འགོད་དང་ལག་བསྟར་བྱེད་དགོས། སྲིད་གཞུང་དང་ཁེ་ལས་དབར་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་གྲོས་མོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ལེགས་སྐྱོང་ལས་གྲྭ་ལག་ལེན་བསྟར་བ། རྨང་གཞིའི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དེ་གཉེར་སྐྱོང་བྱེད་པོར་འདྲ་མཉམ་ངང་སྒོ་མོ་དབྱེ་བར་སྐུལ་འདེད་གཏོང་བ། ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་ཚོང་དུད་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་བཀོད་སྒྲིག་ལེགས་སུ་གཏོང་བ། རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་ཐོན་སྐྱེད་བྱེད་ཚད་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཞི་གྲངས་མེད་པའི་སྔོན་རྩིས་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། “2+1”དེང་རབས་ནོར་སྲིད་ཀྱི་ཕྱོགས་བསྡུས་དོ་དམ་མ་ལག་འཛུགས་པ། སྔོན་རྩིས་ཀྱི་བགོ་བཤའི་དབང་ཆ་གཅིག་གྱུར་བྱེད་པ། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། སྔོན་རྩིས་ཀྱི་ལས་རྗེས་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་གི་ཉོ་སྒྲུབ་དང་ནོར་སྲིད་ཀྱི་མ་འཇོག་ལ་ཞིབ་དཔྱད་སོགས་ཀྱི་དོ་དམ་སྒྱུར་བཅོས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་མ་ལག་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གི་བུ་ལོན་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཁྲལ་བསྡུའི་ཁྲིམས་བཀོད་རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ། དཔྱ་ཁྲལ་བསྡུ་འདོམས་སྒྱུར་བཅོས་ཟབ་གཏོང་བཅས་བྱེད་དགོས། དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། དེང་རབས་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དངུལ་ལོར་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱེད་པ། དངུལ་རྩའི“བྱ་ཐབས་ཆེན་པོ་ལྔ”དོན་འཁྱོལ་ཧུར་ཐག་བྱེད་པ། ཁེ་ལས་ཁྲོམ་ཞུགས་ཀྱི“སྐལ་བཟང་མེ་ཏོག་གི་བྱ་སྤྱོད”མུ་མཐུད་ལག་ལེན་བསྟར་བ། དངུལ་རྩའི་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དངུལ་རྩའི་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་དགོས། ཐོན་ཁུངས་ནུས་ཆེ་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་ཁྲོམ་རའི་རིན་གོང་གྲུབ་ཚུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཆུ་དང་། ནུས་རྒྱུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་རིན་གོང་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ཐོན་ཁུངས་གསར་སྤེལ་གྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྲིད་གཞུང་གི་འགན་ནུས་གང་མགྱོགས་བསྒྱུར་ནས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང“ལས་ཕྱོད་ཆེན་པོས་དོན་དག་རེ་སྒྲུབ་པའི”སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་དགོས། ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་གང་ལེགས་བཏོན་ཏེ་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། བྱ་གཞག་ཚན་པ་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    31.སྒོ་དབྱེའི་བཀོད་པ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་བརྟན་པོ་བྱས་ཏེ“ལྟེ་བ་གཅིག་གིས་སྣེ་ཁྲིད་དང་། ཤར་ནུབ་ཁུལ་གཉིས་ཀྱིས་འདེགས་སྐྱོར། འགག་སྒོ་མང་པོ་མཉམ་འགུལ”བཅས་ཀྱི་སྒོ་དབྱེའི་བཀོད་པ་སྐྲུན་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པར་མཉམ་འདྲེས་དང་འབྲེལ་མཐུད་ཧུར་ཐག་བྱེད་པ། ཧི་མ་ལ་ཡ་སྒྲོལ་བའི་ཕྱོགས་བསྡུས་ཀྱི་ཕན་ཚུན་སྦྲེལ་མཐུད་དྲ་རྒྱ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་གྱི“ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར”འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཚོང་དོན་དང་མཉམ་ལས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་འགག་སྒོ་ནས་ཐོངས་མཆན་འགོད་རྒྱུར་སྐུལ་འདེད་གཏོང་བ། སྒོ་དབྱེའི་མཉམ་ལས་ལས་སྟེགས་གལ་ཆེན་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཐའ་མཚམས་མཉམ་ལས་ཁུལ་དང་། ཚོང་དོན་ཁུལ། འགག་སྒོ་གླིང་ཁུལ་བཅས་ཀྱི་ནུས་པ་བཏོན་ཏེ། རྒྱལ་སྒྲོལ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་འཛུགས་པ་དང་། ས་ཁོངས་སྒྲོལ་བའི་ཐོན་ལས་འཁོར་འབྲེལ་གྱི་མཉམ་ལས་ལྟེ་གནས་འཛུགས་པ། “འགག་སྒོའི་ལྟེ་གནས་དང་། བགྲོད་ལམ། ཚོང་དོན། ཐོན་ལས”བཅས་ཟུང་འབྲེལ་གྱི་འགག་སྒོའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས།

    32.ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་མོ་སོགས་རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དང་འབྲེལ་མཐུད་བྱས་ཏེ། བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་ཁྱིམ་མཚེས་ཞིང་ཆེན་གྲོང་ཁྱེར་དབར་མཉམ་ལས་སྤེལ་རེས་ཀྱི་ལམ་སྲོལ་དང་ལས་སྟེགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་འཚོལ་ཞིབ་བྱེད་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་དེ་བཞིན་ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན། ཉིང་ཞ་བཅས་ཀྱི་དཔལ་འབྱོར་ཁུལ་ནང་མཉམ་འདྲེས་ཧུར་ཐག་བྱེད་དགོས། ས་ཁོངས་སྒྲོལ་བའི་ཐོན་ལས་གླིང་ཁུལ་གྱི་མཉམ་ལས་དང་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་བཙུགས་ཏེ། ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་སྔོན་ཐོན་ལག་རྩལ་དང་ཐོན་ལས་གཞན་སྒྱུར་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པ། ས་སྒྲོལ་གླིང་ཁུལ་འཛུགས་སྐྲུན་རྒྱ་སྐྱེད་གཏིང་ཟབ་བྱེད་པ། བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་ཁུལ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་གྱི་བོད་སྐྱོར་དང་། རིག་སྟོབས་ཀྱི་བོད་སྐྱོར། ལས་ཞུགས་ཀྱི་བོད་སྐྱོར། དམངས་འཚོའི་བོད་སྐྱོར་བཅས་ཀྱི་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁ་གཏད་བོད་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། ཤང་ཀང་དང་ཨའོ་མོན་རྒྱལ་སྤྱིའི་སྒོ་དབྱེའི་ལས་སྟེགས་ཡག་པོ་སྤྱད་དེ་ཤང་ཀང་དང་ཨའོ་མོན་དབར་གྱི་མཉམ་ལས་ལ་ཤུགས་སྣོན་ཧུར་ཐག་རྒྱག་དགོས།

    33.གླིང་ཁུལ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། གླིང་ཁུལ་དང་གསར་སྤེལ་ཁུལ་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། དོ་དམ་གཉེར་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད། འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་དང་གླིང་ཁུལ་མཉམ་འགུལ་འཕེལ་རྒྱས་གཏོང་བར་སྐུལ་འདེད། ཤེས་ལྡན་པ་དང་། ལག་རྩལ། མ་དངུལ་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་གླིང་ཁུལ་དུ་གཅིག་སྡུད་བྱེད་པར་ཁྲིད་སྟོན། ཐོན་ལས་ཚོ་འདུས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་མཐོངས་ལས་སྟེགས་སྐྲུན་དགོས།

    བཅུ། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས།

    34.མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ཤུགས། ཤེས་དཔལ། རིག་ལྡན་བཅས་ཀྱི་ས་མཐོའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཁུལ་གཙོ་བོར་བྱས་པའི་རྣམ་པའི་ཐོག་ནས་གྲོང་ཁྱེར་འབྲིང་ཆུང་དང་། སྦྲེལ་ཚིགས་གྲོང་ཁྱེར་དང་གྲོང་རྡལ། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་བཅས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་འཛུགས་སྐྱོང་བྱེད་དགོས། དེང་རབས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཁུལ་སྐྱེད་སྲིང་གི་བྱ་སྤྱོད་དང་། རྫོང་ཁོངས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་མཐོར་གཏོང་བྱ་སྤྱོད། གྲོང་ཁྱེར་གསར་སྒྱུར་དང་བདེ་འཇགས་ཀྱི་མཉེན་ཤུགས་ཆེར་གཏོང་བྱ་སྤྱོད་བཅས་ལག་ལེན་བསྟར་ཏེ་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་དགོས། ལྷ་སའི་བར་སྐོར་གནའ་གྲོང་སྲུང་སྐྱོང་དང་སྒྱུར་བཀོད་ཀྱི་ལས་གྲྭར་སྐུལ་འདེད་མགྱོགས་པོ་གཏོང་དགོས།

    35.གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་སྔར་བས་བྱེད་ཟབ་ཏུ་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་གནས་སྤོའི་མི་འབོར་གྲོང་མི་ཅན་ལ་སྐུལ་ལྕག་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་འབྲོག་པའི་མཉམ་སྡེབ་ཡོང་འབབ་བགོ་བཤའི་དབང་ཆ་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་ཕྱིར་འཐེན་བྱ་ཐབས་འཚོལ་ཞིབ་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་གྲོང་གསེབ་ཏུ་སྣུར་སྲིང་བྱ་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཁང་པའི་ཡོམ་འགོག་སྒྱུར་བཀོད་དང་། བཙོག་ཆུ་དང་གད་སྙིགས་ཆེད་དོན་བཅོས་སྒྲིག ཆུ་མཁོ་འདོན་གྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད། དྲོད་རླངས་དང་གསོ་རླུང་མཁོ་འདོན་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ་རྫོང་ཁོངས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།

    36.ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་དགོས། འབྲུ་རིགས་ཐོན་འབབ་མང་གཏོང་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་རྨོ་ཞིང་གི་སྤྱི་འབོར་ལ་དོ་དམ་ཚོད་འཛིན་ནན་པོ་དང“གསབ་བལྟོས་བཟུང་འཇོག”བྱེད་པ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྱོང་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བཅས་བྱེད་དགོས། ཞིང་ནགས་འབྲོག་ཉ་བཅས་ལས་རིགས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་ཞིང་ལས་འོས་འཚམ་ངང་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་ལ་འཕེལ་རྒྱས་གཏོང་བ་དང་། ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་བ། དེང་རབས་ཀྱི་འབྲོག་ལས་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ། ས་མཐོའི་ཉ་ལས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པའི་ཡོང་འབབ་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། “ཁྲི་སྟོང་འདུ་འགོད” ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་རིགས་དབྱེ་གོ་རིམ་ལྡན་པ་དང་། ཡུག་ཁུལ་ཅན་གྱི་སྒོ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ཁུལ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་ཡིན་པ་མ་ཟད་ཡུན་རིང་འགྱུར་ལྡོག་མེད་པ་མཐའ་འཁྱོངས་བྱས་ནས་འགན་གཙང་ས་ཆའི་བདག་དབང་དང་། འགན་གཙང་ལེན་དབང་། གཉེར་སྐྱོང་དབང་ཆ་བཅས་ཁག་བགོས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། གསར་དར་ཞིང་ལས་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཕན་ཆེ་སྟབས་བདེའི་ཞིང་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཞིང་དར་དང་། ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཀྱི་ནུས་ཕྱོད་ཆེ་རུ་ཤུགས་ཆེན་གཏོང་དགོས། རྒྱུན་རྣམ་ཅན་གྱི་དབུལ་ལོག་དང་དབུལ་འགྱུར་སྔོན་འགོག་ལམ་སྲོལ་འཛུགས་རྒྱུར་སྤྱི་འདོམས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

    བཅུ་གཅིག དམངས་འཚོར་རྒྱུན་མཐུད་འགན་སྲུང་དང་ལེགས་སུ་བཏང་ནས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

    37.སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས། ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་དང་ལས་ཞུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་ལས་གནས་བརྟན་གཏོང་དང་རྒྱ་སྐྱེད་ལ་རྒྱབ་སྐྱོར་བྱེད་པ། ལས་ཞུགས་ཀྱི་ལས་རྣམ་གསར་པ་ཚད་ལྡན་ངང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་སུ་གཏོང་བ་དང་། ལས་ཞུགས་བྱས་མེད་པ་དང་ལས་ཞུགས་བརྟན་པོ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ནུས་པ་མཐོར་གཏོང་བྱ་སྤྱོད་ལག་ལེན་བསྟར་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བྱེད་རྒྱ་ཆེ་རུ་དང་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཞིང་འབྲོག་པ་རྩ་འཛུགས་ཅན་དང་། གཞི་ཁྱོན་ཅན། རྩལ་ནུས་ཅན་བཅས་ཀྱི་སྒོ་ནས་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚེ་གང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་ཤུགས་ཆེན་བྱས་ཏེ་ངལ་རྩོལ་པའི་ཕྱོགས་བསྡུས་ཀྱི་བྱང་ཚད་དང་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་དགོས། ངལ་རྩོལ་འབྲེལ་བའི་གྲོས་མོལ་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།

    38.ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཐོག་མའི་བགོ་བཤའ་དང་། བསྐྱར་དུ་བགོ་བཤའ། ཐེངས་གསུམ་པའི་བགོ་བཤའ་བཅས་མཐུན་སྦྱོར་དང་ལེ་ལག་ཚང་བའི་ལམ་ལུགས་ཀྱི་མ་ལག་འཛུགས་དགོས། ངལ་རྩོལ་པའི་གླ་ཆ་ཐག་གཅོད་དང་། ལུགས་མཐུན་ངང་སྤོར་བ། སྤྲོད་རྒྱུར་འགན་སྲུང་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲལ་བསྡུ་དང་། སྤྱི་ཚོགས་འགན་སྲུང་། སྤོ་སྒྱུར་གཏོང་སྤྲོད་སོགས་བསྐྱར་དུ་བགོ་བཤའ་སྙོམས་སྒྲིག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཕན་དགེ་སྒྲུབ་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་ཚད་ལྡན་དུ་གཏོང་དགོས། ཡོང་འབབ་བགོ་བཤའི་སྒྲིག་ལམ་དང་རྒྱུ་ནོར་གསོག་འཇོག་གི་ལམ་སྲོལ་ཚད་ལྡན་དུ་བཏང་སྟེ་ཐབས་ལམ་མང་པོའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་བའི་འཆར་གཞི་ལག་ལེན་བསྟར་དགོས། གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་ཐག་གཅོད་ཀྱི་ལམ་སྲོལ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་དགོས། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་གི་ལམ་སྲོལ་དོན་འཁྱོལ་བྱེད་དགོས།

    39.མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས། སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སློབ་གསོའི་བཀོད་ཇུས་ལེགས་སུ་གཏོང་དགོས། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལོ་15ཡི་གཞུང་གྲོན་སློབ་གསོ་མུ་མཐུད་ལག་ལེན་བསྟར་ནས་སློབ་རིམ་ཧྲིལ་པོར་ཁྱབ་པའི་སློབ་མའི་རོགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་འཕེལ་རྒྱས་དང་། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གྲྭ་སྣ་མང་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་གྱི་བྱ་སྤྱོད་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་ཏེ་མཐོ་སློབ་སྒྱུར་བཅོས་འཕེལ་རྒྱས་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་དགོས། དེང་རབས་ལས་རིགས་སློབ་གསོའི་མ་ལག་མགྱོགས་པོ་སྐྲུན་པ་དང་། ལས་རིགས་སློབ་གྲྭའི་སློབ་གཉེར་གྱི་ནུས་པ་ཆེ་རུ་གཏོང་བ། ས་ཁུལ(གྲོང་ཁྱེར)གྱིས་ཚད་ལྡན་ཅན་གྱི་ཁྱད་ལྡན་ལས་རིགས་སློབ་གྲྭ་དང་སློབ་གླིང་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱེད་དགོས། སློབ་གསོ་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་ལེན་བསྟར་ནས་ཚེ་གང་སློབ་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་བཙུགས་ནས་དགེ་རྒན་གྱི་སློབ་ཁྲིད་མི་སྐྱོང་འཇོན་ཐང་ཆེ་རུ་གཏོང་དགོས། དམིགས་བསལ་སློབ་གསོ་དང་ཆེད་དོན་སློབ་གསོ་ཡག་པོ་གཉེར་དགོས། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཐུན་སྦྱོར་ངང་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་དང་ཕྱི་ཕྱོགས་མཉམ་ལས་སྤེལ་རེས་ཟབ་ཏུ་གཏོང་དགོས།

    40.རིག་གནས་ཀྱི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་རིག་གནས་ཀྱི་འཐབ་ས་སྟོབས་ཆེར་གཏོང་བ་དང་ཡག་པོ་སྤྱོད་པ། སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་འབྲས་ལེགས་གཉེར་གྱི་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས། རིག་རྩལ་གྱི་བརྩམས་ཆོས་རྩེ་གྲའི་གསར་རྩོམ་གྱི་འདུ་འགོད་ལག་ལེན་བསྟར་ཏེ་རིག་གནས་སྒྱུ་རྩལ་གྱི་ཆུ་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་རིག་གནས་གསར་རྩོམ་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། རིག་གནས་ཤུལ་བཞག་མ་ལག་རང་བཞིན་གྱི་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས་ལོ་རྒྱུས་ཞིབ་འཇུག་དང་། གནའ་རྫས་རྟོག་ཞིབ་དང་སྔོག་འདོན། གསོན་ཉམས་དོད་པོས་བེད་སྤྱོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། རིག་གནས་ཐོན་ལས་མ་ལག་དང་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་དགོས། རིག་གནས་འཛུགས་སྐྱོང་གྲངས་རིག་ཅན་གྱི་མཐུན་རྐྱེན་སྦྱོར་བ་དང་ཆ་འཕྲིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་རིག་གནས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་དགོས། རིག་གནས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་རིག་གནས་ལ་དོ་དམ་བྱེད་པའི་སྒྲིག་སྲོལ་དང་ཐོན་སྐྱེད་གཉེར་སྐྱོང་གི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རི་འཛེག་དང་གངས་ཤུད་སོགས་ས་མཐོའི་ཁྱད་ལྡན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་དགོས།

    41.བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། “དམིགས་པ་ལྔའི”བླང་བྱ་མུ་མཐུད་དོན་འཁྱོལ་བྱས་ཏེ། འཕྲོད་བསྟེན་བདེ་ཐང་གི་སྤུས་འབྲས་ལེགས་གཉེར་བྱ་སྤྱོད་སྤེལ་ནས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཟབ་ཏུ་གཏོང་བ། རིམ་དབྱེའི་སྨན་བཅོས་མ་ལག་མགྱོགས་མྱུར་འཛུགས་པ། སྤྱི་པའི་འཕྲོད་བསྟེན་མ་ལག་གི་ཞན་ཆ་སེལ་བ་བཅས་བྱས་ཏེ་སྨན་བཅོས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། སེམས་ཁམས་ཆེད་ལས་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་མ་ལག་དང་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས། ལས་བྱེད་པ་དང་མང་ཚོགས་ལ་གཟུགས་པོར་བདེ་ཐང་བརྟག་དཔྱད་བྱེད་པ་དང་ས་མཐོའི་ནད་སྔོན་འགོག་དང་སྨན་བཅོས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། “དྲ་སྦྲེལ་དང་སྨན་བཅོས་བདེ་ཐང”ཟུང་འབྲེལ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་བདེ་ཐང་དང་སྨན་བཅོས་ཀྱི་གྲངས་གཞིའི་ཆ་འཕྲིན་སྒྲིག་གཞི་བརྒལ་ནས་ཕན་ཚུན་འབྲེལ་མཐུད་དང་ས་ཁུལ་བརྒལ་ནས་མཉམ་སྤྱོད་མགྱོགས་པོ་བྱེད་དགོས། གྲོང་མིའི་བཟའ་བཅའི་འཚོ་བཅུད་བསྟེན་ཚུལ་ཡག་ཏུ་དང་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་རྒྱ་ཁྱབ་ཏུ་སྤེལ་དགོས། རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་དང་བདེ་ཐང་བོད་ལྗོངས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་དགོས།

    42.སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ། ནད་གཡོག་སོགས་ཀྱི་སྲིད་ཇུས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཤོར་དང་། ལས་རྨས། བུ་བཙའ་བཅས་ཀྱི་འགན་བཅོལ་ཁྱབ་རྒྱ་ཆེ་རུ་བཏང་སྟེ། བབ་བསྟུན་ལས་ཞུགས་མི་སྣ་དང་། ཞིང་པ་ལས་མི། ལས་ཞུགས་རྣམ་པ་གསར་པའི་མི་སྣ་སོགས་ལས་བཟོའི་རྒན་གསོའི་འགན་བཅོལ་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཚོགས་ཕན་བདེའི་ལམ་ལུགས་དང་རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་སྲུང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཧུར་ཐག་བྱེད་དགོས། སྡོད་ཁང་ལམ་ལུགས་དང་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་དེ“སྡོད་ཁང་ཡག་པོ”བསྐྲུན་པར་སྐུལ་འདེད་གཏོང་དགོས།

    43.མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་དང་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བུ་བཙའི་འགན་བཅོལ་དང་། བུ་བཙའི་ངལ་གསོ། བུ་བཙའི་ཁ་གསབ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ་དང་། བུ་གསོའི་ཁ་གསབ་དང་སྒེར་འབབ་དཔྱ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་འཕྲི་སྲིད་ཇུས་ཀྱི་ནུས་པ་འདོན་པ། ཀུན་ཕན་བུ་གསོའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ཀུན་ཕན་བུ་བཅོལ་དང་བུ་བཅོལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བུ་བཙར་མཐུན་འཕྲོད་སྤྱི་ཚོགས་སྐྲུན་དགོས། བྱིས་པའི་ཕན་བདེ་དང་བྱིས་པ་སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་བྱིས་པའི་ཕན་བདེ་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་དགོས། ས་མཐོའི་ཁྱད་ལྡན་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་པོ་བསྐྲུན་ནས་ཞབས་ཞུའི་གསལ་ཐོ་དང་། ཚད་གཞི་ཚད་དང་ལྡན་པ། ནོར་སྲིད་འགན་སྲུང་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་གཞུང་དང་། སྤྱི་ཚོགས། མི་སྒེར་སོགས་བྱེད་པོ་མང་པོས་མཉམ་དུ་མཁོ་སྤྲོད་བྱེད་པའི་རྒན་གསོའི་བྱ་ཐབས་འཛུགས་པར་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ཞན་ཆ་མགྱོགས་པོ་སེལ་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་དགོས།

    བཅུ་གཉིས། མཛེས་པའི་བོད་ལྗོངས་གང་མགྱོགས་བསྐྲུན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས།

    44.སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དང་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ས་གནས་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་དོ་དམ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་བྲལ་རྩིས་བཤེར་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་གྱི་ལྟ་ཞིབ་ཁྲིམས་སྒྱུར་ནུས་པ་ཆེ་རུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་སྐྲུན་དགོས། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་འཐབ་རྒྱུན་མཐུད་ཡག་པོ་རྒྱག་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་ལྟེ་བར་འཛིན་པའི་གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་ལྟ་འདོམས་ལམ་ལུགས་མ་ལག་བསྐྲུན་ནས། སྦགས་བཙོག་འགོག་བཅོས་ས་ཁོངས་ཀྱི་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྦགས་བཙོག་དངོས་པོ་གསར་པ་མཉམ་དུ་བཅོས་སྐྱོང་དང་ཁོར་ཡུག་གི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་པའི་མ་ལག་འཛུགས་པ། སྦགས་བཙོག་དངོས་པོ་མང་པོ་མཉམ་དུ་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཁོངས་ཡོངས་ཀྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་བྱེད་རྒྱ་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་སྐྱིན་ཚབ་དང་སྔོན་འགོག་ཆད་གཅོད་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་ནས། ཞིང་ཆེན་དབར་གྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱེད་དགོས།

    45.སྐྱེ་ཁམས་སྲུང་སྐྱོང་དང་མ་ལག་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་དགོས། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཙོ་གནད་ཐོག་ལག་བསྟར་དང “གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་དུ་ནགས་བཟོ་སྔོ་འགྱུར་རྒྱུན་མཐུད་བྱེད་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས།

    46.དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱེད་པར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་སྐྱེད་སྲིང་། ལག་རྩལ་གསར་གཏོད་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐཱན་འབུད་སྤྱི་འབོར་དང་ཤུགས་ཚད་གཉིས་ཀ་ཚོད་འཛིན་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ཐཱན་ཁུངས་དང་ཐཱན་འདུས་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་མ་ལག་འཛུགས་པ། སྐྱེ་ཁམས་མ་ལག་གི་ཐཱན་འདུས་ཀྱི་མངོན་མེད་སྟོབས་ཤུགས་གང་ལེགས་འདོན་པ། ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆ་ཉོ་ཚོང་ཁྲོམ་རའི་བགོ་བྱའི་བཅད་འབོར་གྱི་ཉོ་ཚོང་ནང་གོ་རིམ་ལྡན་པའི་ངང་ཞུགས་པ། ལྗང་མདོག་གློག་ཤུགས་འཛད་སྤྱོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་། ནུས་རྒྱུའི་ཐོན་ཁུངས་སྐས་རིམ་བེད་སྤྱོད་དང་། སྙིགས་རོ་འཁོར་སྐྱོད་བེད་སྤྱོད། སྦགས་བཙོག་དངོས་པོ་གཅིག་སྡུད་གཙང་སེལ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་དགོས།

    བཅུ་གསུམ། མཐའ་མཚམས་ས་ཁུལ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་དགོས།

    47.མཐའ་མཚམས་ས་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་འཕེལ་རྒྱས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས། མཐའ་མཚམས་ཁུལ(གྲོང་ཁྱེར)གྱི་ལྟེ་བའི་གྲོང་ཁྱེར་ཁྱབ་འགྱེད་དུ་བྱེད་པ་དང་། མཐའ་མཚམས་རྫོང་གྲོང་ལྟེ་བར་བྱེད་པ། འགག་སྒོ་དང་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་མཚམས་ཚིགས་སུ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་ལ་ཞབས་འདེགས་ཞུ་བའི་མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་མ་ལག་འཛུགས་པ་དང་མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེག་ནུས་ཆེ་རུ་གཏོང་དགོས། དེང་རབས་ཅན་གྱི་མཐའ་མཚམས་གྲོང་ཚོ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

    48.མི་འབོར་དང་དཔལ་འབྱོར་གྱི་འདེགས་སྐྱོར་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས། མཐའ་མཚམས་ས་ཁུལ་གྱི་མི་འབོར་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་འཕར་བར་ཕན་པའི་སྲིད་ཇུས་སྦབ་ཆ་གཅིག་གི་རྒྱབ་སྐྱོར་མ་ལག་འཛུགས་པ་དང་། མཐའ་མཚམས་གྲོང་ཚོ་བབ་བསྟུན་ལེགས་སྒྲིག་དང་མཐའ་མཚམས་མི་སེར་གྱི་ཁ་གསབ་བབ་བསྟུན་འཕར་སྣོན་ལམ་སྲོལ་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལྗོངས་ཕྱི་ནང་གི་མང་ཚོགས་མཐའ་མཚམས་ཀྱི་འཐབ་ས་དང་པོར་གཞིས་ཆགས་དང་ལས་གཉེར་ལས་དར་བྱེད་པའི་ཡིད་དབང་འགུག་དགོས། མཐའ་མཚམས་འགག་སྒོ་དང་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་མཐའ་མཚམས་རྫོང་ལ་དམིགས་འཛུགས་རོགས་སྐྱོར་བྱེད་པའི་ལས་དོན་སྔར་བས་གཏིང་ཟབ་སྤེལ་དགོས།

    49.མཐའ་མཚམས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་སྲིད་དམག་ཉེན་དམངས་བཅས་མཉམ་ཤུགས་ཀྱིས་མཐའ་སྟོབས་མཐའ་བརྟན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། “རིག་ལྡན་མཐའ་སྲུང”གི་འདུ་འགོད་མགྱོགས་མྱུར་ལག་བསྟར་བྱས་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“མཉམ་ལྔ་བརྟན་ལྔའི”ཆ་འགྲིག་མཉམ་སྐྲུན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་ཁྱམས་རིང་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་དགོས།

    བཅུ་བཞི། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།

    50.ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཡོངས་གཅིག་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་རིམ་ཁག་ཏང་ཨུད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་བྱས་ཏེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྣ་སྤྱོད་པའི་སྟོན་ཕྱོགས་བཙུགས་ཏེ། ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ལས་བྱེད་ཤེས་ལྡན་པའི་ཆབ་སྲིད་དང་། ལག་ལེན། ཆེད་ལས་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་རྙོག་འཛིང་ཆེ་བའི་གནས་ཚུལ་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཁ་གཏད་གཅོག་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་གང་ལེགས་འདོན་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་གཏོང་བར་མཐུན་རྐྱེན་སྦྱོར་བ་དང་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་ཕན་ཚུན་འབྲེལ་མཐུད་མཐའ་འཁྱོངས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་དགོས།

    51.སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་སྒོ་ཚང་དུ་གཏོང་བ། འཁོར་རྒྱུག་ཡག་པོ་བཅས་བྱས་ཏེ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་ལ་ཁྲིམས་ལྟར་རང་ཁྱིམ་རང་བདག་ཡོང་བར་བྱེད་པའི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་འགན་ལེན་བྱེད་དགོས། གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་བཏང་ནས་མི་དམངས་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཞུགས་དབང་། ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་བྱེད་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་ཉིད་ཀྱི་འབྲེལ་བ་བྱ་ཡུལ་གྱི་མང་ཚོགས་ཏང་གི་མཐའ་འཁོར་དུ་གཅིག་སྒྲིལ་དམ་ཟབ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

    ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་པའི་ལམ་ལུགས་དང་བྱ་ཐབས་འཐུས་ཚང་བཟོ་བ་དང་དོན་འཁྱོལ་བྱེད་དགོས། ས་གནས་ཀྱི་ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་དང་། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར། ཐོ་འགོད་ཞིབ་བཤེར་བཅས་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། སྲིད་ཁྲིམས་ལས་ཀའི་གྲངས་འཛིན་ཅན་གྱི་ལས་སྟེགས་འཛུགས་པར་སྐུལ་འདེད་བཏང་ནས་སྡེ་ཚན་ལས་བརྒལ་བའི་ཁྲིམས་སྒྱུར་དང་ཁྲིམས་འཛིན་ལ་མཐུན་སྦྱོར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་གནད་སྨིན་དང་ཁྲིམས་སྒྱུར་ཁྲིམས་འཛིན་དབང་ཆ་འཁོར་རྒྱུག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲིམས་སྒྱུར་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིབ་དཔྱོད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཕན་གཏུག་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཀྱི“ཞིབ་དཔྱོད་ཆེན་པོ་བཞི”ཁྱོན་ཡོངས་ནས་མཐུན་སྦྱོར་དང་འཕེལ་རྒྱས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་འདྲི་གཅོད་དང་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་དྲང་གཞག་དང་ནན་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་བྱེད་དགོས། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    52.འཆར་འགོད་བཟོ་བ་དང་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལྟར། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དང་ཆེད་དོན་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ། ངེས་གནས་གནད་སྨིན་དང་། ས་མཚམས་དབྱེ་གསལ། ནུས་པ་གསབ་རེས། གཅིག་གྱུར་འབྲེལ་མཐུད་བཅས་ཀྱི་འཆར་འགོད་མ་ལག་ཆགས་པར་བྱེད་དགོས། འཆར་འགོད་དམིགས་ཚད་ལས་བགོས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། རྗེས་འདེད་ངང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ། འཆར་འགོད་ལག་བསྟར་དང་ལྟ་ཞིབ་ཚད་ལེན་གྱི་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འཆར་འགོད་ལག་བསྟར་གྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

    ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བློ་གཅིག་སེམས་གཅིག་དང་འབད་འབུངས་ཡར་བརྩོན་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།