དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-25

    ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ་དང་འབྲེལ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་ཡང་གནང་བ་རེད།

    བོད་ལྗོངས་འཛིན་ལོར་ལྟ་འདོམས་ཅུས་སུ་ཀརྨ་ཚེ་བརྟན་གྱིས་ཁེ་ལས་ཁྲོམ་ཞུགས་སྐྱེད་སྲིང་དང་ཐད་ཀར་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་། ཁོང་གིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་ལ་འཁེལ་བའི་སྒོ་ནས་བཙལ་ཏེ་གཙོ་གནད་ཐོན་ལས་ཀྱི་དགོས་མཁོར་དམིགས་ནས་ཐོན་ལས་འཁོར་འབྲེལ་དང་། འཁོར་འབྲེལ་མུ་སྲིང་།བཟང་སྤེལ་ཞན་གསབ་བཅས་ལ་སྐུལ་འདེད་བཏང་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་པ་རེད། མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དུ་ཀརྨ་ཚེ་བརྟན་ལས་གཉེར་ཞབས་ཞུའི་ཚོམས་ཆེན་དུ་ཕེབས་ཏེ་སྐར་ཁུང་གི་ཞབས་ཞུར་གཟིགས་ཞིབ་གནང་ནས། “ལས་ཕྱོད་ཆེན་པོས་བྱ་བ་གཅིག་བསྒྲུབ་དགོས་ལུགས”གཞི་རྟེན་དུ་བྱས་ཏེ་དངུལ་རྩའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་བཏང་ནས་དངོས་ཚན་དཔལ་འབྱོར་དང་མི་དམངས་མང་ཚོགས་ཀྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་ཞེས་གསུངས་པ་རེད། བོད་ལྗོངས་དངུལ་རྩ་ལྟ་འདོམས་ཅུས་སུ་ཀརྨ་ཚེ་བརྟན་གྱིས་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོ་དང་སྤེལ་རེས་གཏིང་ཟབ་གནང་ནས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁོང་གིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་གཞུང་འཁྱོངས་གསར་འབྱེད་དང་དངུལ་རྩའི་ཞབས་ཞུའི་གནད་སྨིན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་ནས་དངུལ་རྩའི་ལས་ཁུངས་དེ་བས་མང་བ་ཞིག་བོད་དུ་གཞི་ཚུགས་པ་དང་། བོད་འཛུགས་སྐྲུན། བོད་ལ་ལེགས་སྐྱེས་འབུལ་བ་བཅས་ལ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད། དངུལ་ཁང་གི་ལས་གཉེར་དྲ་ཚིགས་སུ་ཀརྨ་ཚེ་བརྟན་གྱིས་ལས་སྒོ་སྒྲུབ་ཚུལ་ལ་མཁྱེན་རྟོགས་གནང་བ་དང་ལས་དོན་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས་བརྩེ་བ་དང་ལྷག་བསམ་ཟོལ་མེད་ཀྱི་ཞབས་འདེགས་ཞུས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་མངགས་བཅོལ་གནང་བ་རེད།

    བརྟག་ཞིབ་གནང་རིང་ཀརྨ་ཚེ་བརྟན་གྱིས་ཉེན་ཁ་སྔོན་འགོག་དང་། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་གཙོ་རྐང་ལ་དམ་པོར་དམིགས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པ་དང་། འཐབ་ཇུས་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་བཅས་ལ་དམ་པོར་དམིགས་པ། ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས་ཀྱི་ལས་དོན་ཆེན་པོ་མུ་མཐུད་ཡག་པོ་བསྒྲུབས་ཏེ། རིམ་པ་མང་བ་དང་སྣ་མང་ཅན་གྱི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་མང་དུ་བཏང་ཐོག་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།