དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-22

    ཚེས་18ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི《རྩ་གནད་འཆར་ཟིན》དང་། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན(ཞིབ་བཤེར་བྱ་རྒྱུར་ཕུལ་བའི་མ་ཡིག)》《བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན(ཞིབ་བཤེར་བྱ་རྒྱུར་ཕུལ་བའི་མ་ཡིག)》《བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན(ཞིབ་བཤེར་བྱ་རྒྱུར་ཕུལ་བའི་མ་ཡིག)》སོགས་ཀྱི་ཡིག་ཆར་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་ངེས་གནས་གནད་ལ་འཁེལ་པོས་འཚོལ་བ་དང་། བོད་ཀྱི་ལས་དོན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་ལ་བཞག་སྟེ་ཇུས་འགོད་དང་སྐུལ་འདེད་གཏོང་བ། བོད་ཀྱི་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས། མིག་སྔ་དང་ཕུགས་ལ་སྤྱི་འདོམས་བཅས་བྱས་ནས་རྒྱལ་ཁབ་ལ་མཁོ་བ་དང་། བོད་ཀྱིས་འཇོན་པ། མང་ཚོགས་ཀྱི་རེ་སྒུག འབྱུང་འགྱུར་ཁ་ཕྱོགས་བཅས་ཟུང་འབྲེལ་གྱིས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་སྤུས་ཚད་མཐོ་པོས་སྒྲིག་བཟོ་བྱེད་དགོས་ཞེས་བསྟན་ཡོད།

    ཚོགས་འདུའི་ཐོག་2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད། སང་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འཆར་ཟིན་ཡག་པོ་འགོད་པ་དང་འཐུས་སྒོ་ཚང་དུ་ཡག་པོ་གཏོང་བ་ནི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པར་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་བཀོད་སྒྲིག་བྱས་པའི་བླང་བྱ་དང་དཔེ་བསྡུར་ཚན་འཛིན་བྱེད་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་གཅིག་ཏུ་སྒྲིལ་བ། བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། སྤྱི་འདོམས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཏན་འབེབས་བྱས་པའི་སྲིད་ཇུས་ཁག་དང་སྐུལ་འདེད་གཏོང་བའི་བྱ་གཞག་ཁག་ཚང་མ་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། མི་དམངས་ཀྱི་རེ་སྒུག་དང་མཐུན་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།

    ཚོགས་འདུའི་ཐོག་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་པ་དང་ད་ལོར་གཏན་ལ་འཁེལ་བའི་ལས་ཀ་དང་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་མགྱོགས་པོ་བཏང་སྟེ། ལོ་འཁོར་གྱི“མཇུག་བསྡུའི་དམག་འཐབ”ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་དགོས། ཟ་མཁས་འཐུང་མཁས་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་དང་། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་མུ་མཐུད་ཆེ་རུ་བཏང་ནས་རྩ་ཆེའི་མ་དངུལ་སྤྱོད་མཁོ་ཆེ་སར་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་། དགུན་དུས་དྲོད་རླངས་མཁོ་འདོན། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། གླ་ཕོགས་ཆད་རིགས་བཅོས་སྐྱོང་བྱེད་པའི་ཕན་ནུས་ཆེ་རུ་བཏང་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། སང་ལོའི་དུས་ཚིགས་དང་པོའི་ལས་དོན་སྔ་སྣུར་དུ་ཇུས་འགོད་བྱས་ཏེ་དཔལ་འབྱོར་འགོ་ཚུགས་མ་ཐག་གྲུབ་འབྲས་ཡག་པོ་ཐོབ་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།