རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དོན་འཁྱོལ་བྱེད་པའི་དག་ཐེར་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་གིས་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་འགན་ཐེག་པ་ཁུར་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་འགན་འཁྲི་ནན་དུ་ཏན་ཏིག་བཏང་ནས་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཟླ་12ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དོན་འཁྱོལ་བྱེད་པའི་དག་ཐེར་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

ཟླ་12ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དོན་འཁྱོལ་བྱེད་པའི་དག་ཐེར་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།
ཟླ་12ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དོན་འཁྱོལ་བྱེད་པའི་དག་ཐེར་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྐོར་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། རང་འགན་ཐེག་པ་ཁུར་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་འགན་འཁྲི་ནན་དུ་ཏན་ཏིག་བཏང་སྟེ་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་གནད་དོན་དག་ཐེར་དོན་འཁྱོལ་ཡོང་བ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྩིས་ནས། དམ་པ་དོན་གཉེར་གྱི་སྙིང་སྟོབས་དང་འགན་འཁྲི་ནན་པོ་འཁུར་བའི་རྣམ་འགྱུར་ཐོག་ནས་སྐོར་ཞིབ་ཀྱི་རྗེས་མཐུད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། སྐོར་ཞིབ་དག་ཐེར་གྱི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་ཡག་པོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་མེ་ཏོག་བཞད་དེ་འབྲས་བུ་སྨིན་ཐུབ་པའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་བརྟེན་ནས་སྐོར་ཞིབ་དག་ཐེར་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་ཀྱིས། སྐོར་ཞིབ་དག་ཐེར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྐོར་ཞིབ་དག་ཐེར་རྒྱུན་གཏན་གྱི་ལས་དོན་དང་མཉམ་འདྲེས་དང་། སྒྱུར་བཅོས་ཟབ་གཏོང་དང་མཉམ་འདྲེས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་མཉམ་འདྲེས། ཚན་ཁག་དང་དཔུང་ཁག་འཛུགས་སྐྱོང་དང་མཉམ་འདྲེས་བཅས་བྱས་ཏེ། ཕྱོགས་ཡོངས་ནས་དག་ཐེར་དང་དག་ཐེར་མཐར་ཕྱིན་ཐུབ་པར་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་དག་ཐེར་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། སྤྱི་འདོམས་སྐུལ་འདེད་དང་ཞིབ་བཤེར་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ་སྐོར་ཞིབ་དག་ཐེར་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་གནད་སྨིན་ཇུས་བསྟར་འགན་ལེན་བྱས་ཏེ། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། སྲིད་ཇུས་ཀྱི་བླང་བྱ་ཁོང་དུ་ཆུད་པ། དག་ཐེར་བྱ་ཐབས་བཟོ་བ། རྗེས་སྙེག་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ་བཅས་བྱས་ཏེ། དག་ཐེར་ངོ་མ་དང་། དག་ཐེར་ཏན་ཏིག དག་ཐེར་གནད་འཁེལ་བཅས་བྱེད་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་ཕུགས་ཕན་ལམ་སྲོལ་བཙུགས་ཏེ “སྐབས་འཕྲལ་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ཏེ“གནད་དོན་གཅིག་དག་ཐེར་བྱས་ནས་ཡུག་གཅིག་ཚད་ལྡན་ཡོང་བར་སྐུལ་མ་གཏོང་བའི”ཕུགས་ཕན་གྲུབ་འབྲས་ཐོབ་པར་བྱེད་དགོས། འབྲེལ་མཐུད་མཉམ་འདྲེས་མཐའ་འཁྱོངས་དང་གཅིག་སྡུད་དག་ཐེར་ལ་སྐུལ་འདེད་བཏང་སྟེ་ཀྲུང་དབྱང་གི་སྐོར་ཞིབ་དང་ལྟ་སྐུལ་གཞན་དག་གིས་ཤེས་རྟོགས་བྱུང་བའི་གནད་དོན་གཅིག་སྡུད་དག་ཐེར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཆེད་དོན་དག་ཐེར་གྱི་ཇུས་གཞི་དུས་མཉམ་དུ་བཟོས་ཏེ། སྤྱི་འདོམས་ཞིབ་འཇུག་དང་། གོང་འོག་འབྲེལ་མཐུད། གཞི་གཅིག་སྐུལ་འདེད། བརྒྱུད་རིམ་ལྡན་པའི་དག་ཐེར་བཅས་ལ་སྐུལ་འདེད་གཏོང་དགོས། མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ཏེ། སྐོར་ཞིབ་དག་ཐེར་དེ་ཉིད་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་ཐབས་ལམ་ནུས་ལྡན་ལ་བརྩིས་ནས། ཟ་མཁས་འཐུང་མཁས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། དམངས་འཚོའི་དོ་ཁུར་ལ་དུས་ཐོག་ཏུ་བརྡ་ལན་སློག་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། དག་ཐེར་གྱི་ཕན་འབྲས་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་འགྱུར་བ་བྱེད་དགོས། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་ཧུར་ཐག་བརྒྱབ་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་མཐུད་བརྟན་དུ་གཏོང་བ་དང“རི་གཉིས”ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བཅས་བྱས་ཏེ། གནམ་སྔོན་མོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་ཀྱི་སྲུང་འཐབ་རྒྱུན་མཐུད་ཡག་པོ་རྒྱག་དགོས། “འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱེད་དགོས། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏིང་ཟབ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་མཐའ་འཁྱོངས་བྱེད་པ། ངན་རུལ་ལ་མཉམ་བཤེར་མཉམ་བཅོས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཚན་ཁག་ལ་དམ་འཛིན་ནན་པོ་དང་དཔུང་ཁག་ལ་སྣེ་ཁྲིད་བྱེད་པ། རང་འགན་ནན་སྒྲུབ་དང་རང་ཁོངས་ལ་དོ་དམ་ནན་པོ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་བཅོས་སྒྲིག་བཅས་བྱས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞི”ཡི་ཆབ་སྲིད་བླང་བྱ་མཐའ་འཁྱོངས་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོས་འཛུགས་པ། ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱེད་པ། ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། སྐུལ་ལྕག་གི་སྲིད་ཇུས་བེད་སྤྱོད་ཡག་པོ་དང་གང་ལེགས་བྱེད་པ། གཅེས་སྐྱོང་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ། ཏང་ཡོན་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བར་ཁྲིད་སྟོན་བཅས་བྱས་ཏེ། རང་འགན་ཐེག་པ་ཁུར་ལེན་དང་དངོས་འཛིན་དངོས་སྒྲུབ་ཡོང་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྐོར་ཞིབ་དག་ཐེར་གྱི་ཆབ་སྲིད་འགན་འཁྲི་འཁུར་ནས་སྐོར་ཞིབ་དག་ཐེར་གྱི་ལས་དོན་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིའི་འགན་འཁུར་བ་ཨང་དང་པོ་ཡིན་པའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། སྐོར་ཞིབ་དག་ཐེར་དེ་ཉིད་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་དག་ཐེར་དོན་འཁྱོལ་ལས་དོན་གྱི་ཇུས་གཞི་དང་། གནད་དོན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ། ལས་འགན་གྱི་གསལ་ཐོ་བཅས་བཟོས་ཏེ། དག་ཐེར་གྱི་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས། དམ་འཛིན་ཏན་ཏིག་དང་མཁྲེགས་སར་གཏུགས་ཕོད་པ་བྱས་ཏེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་སྟེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་པའི་གྲུབ་འབྲས་དངོས་བཏོད་དགོས། སྐུལ་འདེད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། དག་ཐེར་ལྟ་བཤེར་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་གཞིའི་ཡིག་ཆ་ལྟ་ཀློག་དང་། ས་ཡལ་དངོས་སུ་ཞིབ་བཤེར། འཚམས་འདྲི་བརྟག་ཞིབ་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱོད་པ། དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་དང་། བབ་བསྟུན་དོ་དམ་བཅས་བྱེད་དགོས། གྲུབ་འབྲས་གཞན་སྒྱུར་ལ་སྣང་ཆེན་བྱས་ཏེ་སྐོར་ཞིབ་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་དང་། སྐོར་ཞིབ་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད། སྐོར་ཞིབ་ལ་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་བཅས་གཏོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པ། གོང་འོག་མཉམ་འགུལ་ལ་སྐུལ་འདེད་གཏོང་བ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། སྐོར་ཞིབ་དག་ཐེར་གྱི་ཕན་འབྲས་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།