དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི“ཚད་གཞི་བཞི”བརྩི་སྲུང་ལག་བསྟར་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་ནན་བཤད་གནང་དོན།

    རིགས་དབྱེའི་མཛུབ་ཁྲིད་མངོན་གསལ་དོད་དུ་གཏོང་བ་དང་དཔེ་མཚོན་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་སྤྱི་ཚོགས་རིང་ལུཌ་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་། ཀརྨ་ཚེ་བརྟན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-06

    ཟླ་12ཚེས་4ཉིན། ལྗོངས་ཡོངས་ཀྱི“ཚད་གཞི་བཞི”བརྩི་སྲུང་ལག་བསྟར་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ཆེན་འཚོག་ཡུལ་ཡིན་པ།

    ཟླ་12ཚེས་4ཉིན། ལྗོངས་ཡོངས་ཀྱི“ཚད་གཞི་བཞི”བརྩི་སྲུང་ལག་བསྟར་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རིགས་དབྱེའི་མཛུབ་ཁྲིད་མངོན་གསལ་དོད་དུ་གཏོང་བ་དང་། དཔེ་མཚོན་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་། ཀརྨ་ཚེ་བརྟན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། ལིའུ་ཅང་ཞུགས་པ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི“ཚད་གཞི་བཞི”བརྩི་སྲུང་ལག་ལེན་བསྟར་བའི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར། ཕུལ་བྱུང་སྒྲིག་འཛུགས་ཚན་པ་དང་ཕུལ་བྱུང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་འཐུས་མི་བཅས་ལ་གཟེངས་བསྟོད་གནང་བ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་པས། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་མངོན་གསལ་དོད་པ་དང་། ཁྲིམས་ལྟར་དགོན་སྡེ་དོ་དམ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བ། ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་དང་ཆོས་ལུགས་ལས་དོན་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་ཁྲོད་དུ་ཆོས་ལུགས་ལས་དོན་ལ་འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་གནས་བབ་ལྡན་པས། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཆོས་ལུགས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྒྲིག་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སློབ་སྦྱོང་སློབ་གསོའི་ལམ་ལུགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས“ཚད་གཞི་བཞིར”བརྩི་སྲུང་ཞུ་བའི་སློབ་གསོ་ལག་ལེན་བྱེད་སྒོ་སོགས་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་ནུས་ལྡན་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། དཔེ་མཚོན་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་དབྱེའི་མཛུབ་ཁྲིད་དང་གནད་སྨིན་ཇུས་བསྟར་བཅས་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས“མོས་སེམས་ལྔ”ཟབ་ཏུ་ཟམ་མི་ཆད་པར་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཆོས་ལུགས་ལས་དོན་བཅོས་སྒྲིག་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། ཁྲིམས་མཐུན་ལ་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་ལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ཁྱབ་ཁོངས་སུ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མ་ལག་གི་ལྟ་བར་ཤུགས་སྣོན་རྒྱག་པ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཏོགས་ཁོངས་ཀྱི་དོ་དམ་འགན་འཁྲི་ནན་དུ་གཏོང་བ། དགོན་སྡེའི་ནོར་ཁྲལ་ལ་ལྟ་འདོམས་ནན་དུ་གཏོང་བ། ཆོས་ལུགས་བྱེད་སྒོར་དོ་དམ་བྱེད་པར་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་བརྟན་དུ་ཤུགས་ཆེན་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་ཧུར་ཐག་བྱེད་པ་དང་། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་དང་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་མཐའ་འཁྱོངས་བྱས་ཏེ། རྒྱལ་གཅེས་ཡར་ཐོན་དང་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་པ་དང་། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་པ། ཁྲིམས་སྲུང་སྒྲིག་བཀུར་དང་འགྲོ་བ་ཀུན་ལ་ཕན་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་པ། ལངས་ཕྱོགས་བརྟན་པོ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཞི་དུལ། བོད་ལྗོངས་བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། རྒྱལ་གཅེས་ཆོས་གཅེས་དང་ཞི་མཐུན་ལ་བཀུར་བའི་ཐད་ཚད་ཤིང་འཛུགས་པ་དང་། ལྷག་བསམ་རྣམ་དག་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ། རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱས་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་ཞིག་བྱེད་དགོས། སྤྱོད་ལམ་དམ་གཙང་དང་ཐོས་བསམ་ཟབ་ཏུ་གཏོང་བའི་ཐད་མིག་དཔེ་འདོན་པ་དང་། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ། ནང་བསྟན་དར་སྤེལ་གཏོང་བ། ཆོས་ལུགས་ཀྱི་གསུང་རབ་ལ་ཞིབ་སྦྱོང་བྱེད་པ། ཆོས་ལུགས་ཀྱི་ཆོ་ག་བྱང་ཆུབ་པར་བྱེད་པ། ཆོས་ལུགས་ཀྱི་ཡོན་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་བ་བཅས་བྱས་ཏེ་ཆོས་ལུགས་ཐད་ཀྱི་ཐོས་བསམ་ཟབ་ཏུ་གཏོང་དགོས། བཅའ་ཁྲིམས་ལ་སྲུང་བརྩི་ཞུ་བ་དང་འདུལ་ཁྲིམས་ནན་པོ་སྲུང་བའི་ཐད་མིག་དཔེ་འདོན་པ་དང་། “ཁྲིམས་སྲོལ་སློབ་སྦྱོང་དང་། འདུལ་ཁྲིམས་སྲུང་བ། བློ་སྦྱོང་ལ་སྣང་ཆེན། གཟུགས་བརྙན་གཏོད་པ་བཅས”ཀྱི་སློབ་གསོའི་བྱེད་སྒོར་ཧུར་ཐག་ཞུགས་པ། ཚུལ་ཁྲིམས་རྣམ་དག་གི་སྲོལ་རྒྱུན་བཟང་པོ་སྲུང་བ། དགོན་སྲོལ་འདུལ་ཁྲིམས་ལ་བརྟེན་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་བཅས་བྱས་ཏེ་ཀུན་སྤྱོད་ཐད་དམངས་མགུ་བ་བྱེད་དགོས། རྒྱལ་སྐྱོང་འགྲོ་ཕན་དང་བརྟན་ལྷིང་སྲུང་སྐྱོང་ཐད་ལེགས་སྐྱེས་འབུལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་བྱེད་པ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས་འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བྱེད་དགོས། བདག་པོའི་སྙིང་སྟོབས་ཆེ་རུ་ཏན་ཏིག་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་ཁྲོད་དུ་ཞུགས་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་དམ་པོར་དམིགས་པ། “འཛུགས་གཏོད་བཞིར”འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་བོད་ཀྱི་འབྱུང་འགྱུར་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་དོ་དམ། སྤྱི་ཚོགས་ཀྱིས་མཉམ་ལས། ཆོས་ལུགས་ཀྱིས་རང་གཅུན་བཅས་བྱེད་པའི་ཆོས་ལུགས་ལས་དོན་བཅོས་སྒྲིག་གི་རྣམ་པ་ཞིག་གཏོད་པར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱིས་ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བར་རྒྱབ་སྐྱོར་བྱས་ཏེ་ཆོས་ལུགས་ལས་རིགས་ཀྱིས་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམས་བཅས་ལ་ཤུགས་སྣོན་རྒྱག་པར་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་ལས་དོན་གྱི“དཔུང་ཁག་གསུམ”འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་སྲིད་ལས་བྱེད་པའི་དཔུང་ཁག་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་དཔུང་ཁག མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་རིག་པའི་ཞིབ་འཇུག་དཔུང་ཁག་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། རང་ནུས་ཧུར་ཐག་འདོན་པར་ལྕག་སྐུལ་དང་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།