སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་23པ་འཚོགས་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བསོད་ནམས་ཉི་མས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་23པ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། པད་མ་དབང་འདུས། སྒྲོལ་དཀར། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག《སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་གྲོས་འགོའི་ཇུས་གཞི》དང《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་འགན་འཁྲི་གཙང་སྒྲུབ་ཀྱིས་བྱེད་པོའི་ནུས་པ་འདོན་པའི་དཔྱད་ཞིབ་ནང་དོན་དང་ཚད་འབེབས་ཚད་གཞིར》གྲོས་ཞིབ་བྱས་པ་རེད།
བསོད་ནམས་ཉི་མས་ནན་བཤད་གནང་དོན། ཚད་མཐོའི་མཐོང་ཆེན་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན་བཅས་བྱས་ནས་སེམས་ནུས་ཡོད་ཚད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ལས་དོན་ཐོག་གཅིག་སྡུད་བྱེད་དགོས། མཐུན་སྒྲིལ་རོགས་རེས་དང་། ཕན་ཚུན་གཞོཌ་འདེགས། ལས་འགན་ཞིབ་ཚགས། ཚང་བཤེར་ཆད་གསབ། དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་ཚོགས་འདུ་གྲ་སྒྲིག་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། ཞབས་འདེགས་ཡག་པོ། འགན་ལེན་ཡག་པོ་བཅས་ཏན་ཏིག་བྱེད་དགོས། ཨུ་ཡོན་ལ་འགན་སྒྲུབ་ཀྱི“གར་སྟེགས་ཆེན་པོ”ཧུར་ཐག་བསྐྲུན་པ་དང་ཨུ་ཡོན་གྱིས“མི་སྣ་གཙོ་བོ་བྱེད་པར”ཁྲིད་སྟོན་བྱས་ཏེ། ཨུ་ཡོན་ལ་འགན་སྒྲུབ་ཀྱི་སྐྱེ་སྟོབས་འཕེལ་བ་དང་སྲིད་གྲོས་ལས་དོན་ཏན་ཏིག་ཏུ་འགྱུར་བར་བྱས་ནས་དཔྱད་ཞིབ་མ་ལག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།