2025ལོའི་དུས་ཚིགས་བཞི་པའི་རང་སྐྱོང་ལྗོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་ཆེད་དོན་ལས་དོན་ལམ་སྲོལ་གྱི་ཚོགས་འདུ་འཚོགས་པ།
ཉེ་ཆར། 2025ལོའི་དུས་ཚིགས་བཞི་པའི་རང་སྐྱོང་ལྗོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་ཆེད་དོན་ལས་དོན་ལམ་སྲོལ་ཚོགས་འདུ་འཚོགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་དང་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ལས་དོན་ལམ་སྲོལ་གྱི་སྐོང་བསྡུ་བ་ཀུང་ཧུའེ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་འདི་ལོ་ཚུན་གྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་ལྗོངས་ཡོངས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྤྱི་འདོམས་སུ་མཐའ་འཁྱོངས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། གཞི་རིམ་གྱི་མངོན་མེད་ཁུར་པོ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་ཕན་འབྲས་དངོས་ཐོན་པའི་བརྩོན་ལེན་བྱེད་པ་དང་། “ཚོགས་ཡིག་གཉིས་མང”ཐག་གཅོད་དང་སྤུས་འབྲས་ཡག་པོ་མེད་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་ཕན་འབྲས་དངོས་ཐོན་པའི་བརྩོན་ལེན་བྱེད་པ། ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་དང་། བརྟག་ཞིབ་དང་རྟོག་ཞིབ། ལས་རིགས་ཕན་ཚུན་སྤེལ་རེས་བཅས་ཁྲོད་ཐོན་པའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་ཕན་འབྲས་དངོས་ཐོན་པ་བཅས་བྱས་ནས་གནད་དོན་ཐག་གཅོད་བྱེད་པར་བརྟེན་ནས་བཅོས་སྒྲིག་གི་སྤུས་འབྲས་ལེགས་སུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།