དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《བོད་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

    (2025ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-01

    གཅིག 《བོད་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུ།

    (གཅིག) དོན་ཚན་བདུན་པའི་ནང་གསེས་དང་པོ་དང་དོན་ཚན་ཉེར་དྲུག་པའི་ནང་གསེས་དང་པོའི་ནང་གི“བཟོ་སྐྲུན་གྱི་འགྲོ་གྲོན་བློ་འདྲི”བསུབ་རྒྱུ།

    (གཉིས) དོན་ཚན་དགུ་པ་དེ“ཨར་སྐྲུན་ལས་ཀ་བྱེད་མཁན་གྱི་རྩད་ཞིབ་དང་། ཇུས་འགོད། ཨར་ལས། ལྟ་ཞིབ་དོ་དམ། འོས་སྐུལ་ལས་ཚབ། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན། ལས་གྲྭའི་འགྲོ་གྲོན་བློ་འདྲི་སོགས་ཚན་པས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཚན་གྱི་ཆ་འཕྲིན་ཅན་ལྟ་འདོམས་ལས་སྟེགས་སུ་ཚན་པ་དང་ལས་གཉེར་མི་སྣ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱེད་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    (གསུམ) དོན་ཚན་ཞེ་གཉིས་པ་བསུབ་རྒྱུ།

    གཉིས། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་སྲོལ་ཡིག》མེད་པར་བཟོ་རྒྱུ།

    གཏན་འབེབས་འདི་2025ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

    《བོད་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག》ལ་གཏན་འབེབས་འདི་གཞིར་བཟུང་དེ་མཚུངས་ཀྱི་བཟོ་བཅོས་རྒྱག་རྒྱུ་མ་ཟད། གཏན་འབེབས་དེའི་དོན་ཚན་གྱི་གོ་རིམ་ལ་དེ་མཚུངས་ཀྱི་ལེགས་སྒྲིག་བྱས་ནས་ཡང་བསྐྱར་ཁྱབ་བསྒྲགས་བྱ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།