བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
[2025]ཡིག་ཨང་16པ།
ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྱུང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་གོ་གནས་འབེབས་རྒྱུའི་གཏན་འབེབས་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཨའོ་ལིའུ་ཆོན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་གོ་གནས་འབེབས་རྒྱུའི་གཏན་འབེབས་བྱས་པ། བོད་དམག་ཁུལ་ཁང་འདེམས་བསྐོ་ཨུ་ལྷན་གྱིས་ལེང་ཁུན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་གོ་གནས་འབེབས་རྒྱུའི་གཏན་འབེབས་བྱས་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྱུང་རྒྱལ་དང་། ཨའོ་ལིའུ་ཆོན། ལེང་ཁུན་བཅས་ཀྱི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ།
མིག་སྔའི་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་སྐབས་བཅུ་གཉིས་པའི་དངོས་ཡོད་ཀྱི་འཐུས་མི་424ཡོད།
དེ་དོན་ཆེད་མངགས་སྤྱི་བསྒྲགས་འདི་སྤེལ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།
2025ལོའི་ཟླ་11ཚེས་28ཉིན།
འབྲེལ་ཡོད་གསར་འགྱུར།