དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་ཀྲུང་གོ་ལས་བཟོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ཀྱི་འཐབ་ས་དང་པོའི་ལས་བཟོར་འཚམས་འདྲི་ཞུ་བའི་གཅེས་སེམས་དངོས་ཟོག་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་པ།

    ཝང་ཅུན་ཀྲེང་དང་མཱ་ལུའུ་ཞུགས་པ་དང་ལིའུ་ཅང་གིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-30

    ཟླ་11ཚེས་28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་ཀྲུང་གོ་ལས་བཟོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ཀྱི་འཐབ་ས་དང་པོའི་ལས་བཟོར་འཚམས་འདྲི་ཞུ་བའི་གཅེས་སེམས་དངོས་ཟོག་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་མཱ་ལུའུ་མཛད་སྒོར་ཞུགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཡིན་པའི་རང་ལྗོངས་ཀྱི་འཐུས་མིར་ཁ་བཏགས་གཡོག་བཞིན་པ།

    ཟླ་11ཚེས་28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་ཀྲུང་གོ་ལས་བཟོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ཀྱི་འཐབ་ས་དང་པོའི་ལས་བཟོར་འཚམས་འདྲི་ཞུ་བའི་གཅེས་སེམས་དངོས་ཟོག་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་མཱ་ལུའུ་མཛད་སྒོར་ཞུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོཌ་ཀྱི་ཀྲུའུ་ཞི་ཐང་མིང་དབྱིན་ཞུཌ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཟོ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བཟོ་ཚོགས་ཀྱི་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་ལྟེ་བར་འཛིན་པའི་ལས་ཀའི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་བཟོ་ཚོགས་ཀྱི་སྒྱུར་བཅོས་དང་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་སྟེ་བཟོ་ཚོགས་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་། སྒྲིག་འཛུགས་ནུས་པ། ཞབས་ཞུའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྒྱ་ཆེའི་ལས་བཟོ་མང་ཚོགས་མཐུན་སྒྲིལ་སྐུལ་སློང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

    ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ས་མཐོའི་ལས་བཟོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་སེམས་ལ་བཅངས་ནས་ཐུགས་ཁུར་གྱི་ཟུར་ཚད་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་དང་། ཕྱོགས་ཁག་གི་ཐོན་ཁུངས་མཉམ་འགུལ་བྱས་ཏེ་ལས་རིགས་བདེ་ཐང་དང་། རྩལ་ནུས་མཐོར་གཏོང་། རོགས་སྐྱོར་གུད་སྐྱོབ་སོགས་ཀྱི་ཐད་རྒྱུན་མཐུད་ནུས་ཤུགས་བཏོན་ཡོད། ད་ཐེངས་འཚམས་འདྲིའི་བྱེད་སྒོར་ཁྱོན་བསྡོམས་རིན་ཐང་སྒོར་ཁྲི་320རི་བའི་AEDསྒྲིག་ཆས་དང་བྱ་སྤུའི་སྟོད་ཐུང་སོགས་གཅེས་སེམས་དངོས་ཟོག་ཞལ་འདེབས་ཕུལ་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་དེ་ལས་བཟོ་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱས་ཡོད།

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བརྩིས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་མཐོང་ཆེན་དང་རྒྱབ་སྐྱོར་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་སེམས་ཁུར་དང་གཅེས་སྐྱོང་དེ་ལས་བཟོར་ཞབས་འདེགས་ཞུ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཧུར་ཐག་བསྒྱུར་ཏེ། “དོན་ཆེན་བཞིར”སྔར་བས་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ཞབས་ཞུའི་ནང་དོན་རྒྱུན་མཐུད་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཞབས་ཞུའི་ཐོན་ཁུངས་སྦྲེལ་མཐུད་བྱེད་པ། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་ལས་བཟོ་མང་ཚོགས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་བ་དང་། ལས་བཟོ་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།