དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རླུང་འཕྲིན་བརྙན་འཕྲིན་དང་ལུས་རྩལ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-29

    ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རླུང་འཕྲིན་བརྙན་འཕྲིན་དང་ལུས་རྩལ་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་སུ་ཀརྨ་ཚེ་བརྟན་གྱིས་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་བཀའ་མོལ་གནང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ངོ་ཐུག་གདོང་འཕྲད་ངང་སྒྲོག་འགྲེལ་གནང་ཞིང་། ཁོང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་ལེགས་ཐོན་ཁུངས་དེ་བས་མང་བ་གྲོང་གསེབ་དང་། འབྲོག་ཁུལ། གཞི་རིམ་བཅས་སུ་མཁོ་འདོན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། སྤུས་ལེགས་ལྟ་ཉན་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་ཀྱི་ནུས་པ་ཆེ་རུ་གཏོང་བ། དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་གྱི་ཁྱབ་སྤེལ་གཏོང་སྟངས་གཏོད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པར་སྐོང་དགོས།

    འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཡག་པོ་བྱས་ཏེ་ཟུར་ཚད་མང་པོ་དང་ཕྱོགས་ཡོངས་ནས་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། ཕྱི་ཕྱོགས་ལ་བོད་ཤེས་རྟོགས་དེ་བས་མང་པོ་བྱེད་དུ་འཇུག་དགོས་པ་དང་བོད་འདི་ཉིད་འཛམ་གླིང་ཕྱོགས་སུ་དེ་བས་མགྱོགས་པོ་སྐྱོད་ཐུབ་པ་བྱེད་དགོས་ལ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་བདེ་འཇགས་ངང་སྤེལ་གཏོང་བྱེད་པར་བཀོད་འདོམས་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཏང་དང་སྲིད་གཞུང་གི་གསུང་སྒྲ་སྔར་ལས་དུས་ཐོག་དང་། གནད་འཁེལ། བདེ་འཇགས་བཅས་ཀྱི་སྒོ་ནས་དུད་ཚང་ཁྲི་སྟོང་མང་པོས་གོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ལུས་རྩལ་ཅུས་སུ་ཀརྨ་ཚེ་བརྟན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་འགྲན་ཞུགས་ལུས་རྩལ་པ་དང་རྩལ་འཁྲིད་པའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ། ལྗོངས་ཡོངས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལུས་རྩལ་ལ་ལྡན་པའི་མི་དམངས་ཀྱི་ཁྱད་ཆོས་ཁོང་དུ་འཕྱུགས་མེད་ཆུད་པར་བྱས་ནས་དངོས་པོ་དང་མིར་མ་དངུལ་འཇོག་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལུས་རྩལ་གྱིས་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་དམངས་ལ་ཕན་པ་འདོགས་རྒྱུ་མཐའ་འཁྱོངས་བྱེད་པ། ལུས་རྩལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་དང་ཀུན་ཐོབ་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་དགོས་པ་དང་། ལུས་རྩལ་ལ་ལྡན་པའི་ཐོན་ལས་ཀྱི་ཁྱད་ཆོས་ཁོང་དུ་འཕྱུགས་མེད་ཆུད་པར་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་བརྟེན་པ་དང་། རང་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། འགྲན་བསྡུར་སྤུས་རྟགས་ཀྱི་ཁྱད་ཆོས་མུ་མཐུད་མངོན་ཆེ་རུ་གཏོང་བ། ཁྱད་ལྡན་ཅན་དང་བར་ཁྱད་ཅན་གྱི་འཕེལ་རྒྱས་རྣམ་པ་གཏོད་པ་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།