དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལྕགས་ར་བློ་བཟང་བསྟན་འཛིན།
  • རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཕྱོགས་སྡོམ་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-27

    ཟླ་11ཚེས་24ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཕྱོགས་སྡོམ་ཚོགས་འདུ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཕེང་ཧྲན་སྦྱོང་བརྡར་རྟེན་གཞིར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ལུས་རྩལ་འཐབ་ཕྱོགས་ཀྱིས་འགྲན་བསྡུར་ལ་ཞུགས་མཁན་སྒྲིག་འཛུགས་ནན་ཏན་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ལ་གཟི་བརྗིད་བརྩོན་ལེན་བྱས་ཡོད། རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོཌ་སྐབས་བཅོ་ལྔ་པར་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་ལ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བཀའ་དྲིན་ཚོར་བཞིན་འབད་འབུངས་མདུན་སྐྱོད་བྱེད་པའི་ཉམས་འགྱུར་གསར་པ་མངོན་པར་བྱས་པ་མ་ཟད། ལུས་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་ཆེད་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།