དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་གྱི་འཐབ་ཕྱོགས་དང་པོའི་སློར་གྲྭར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-27

    ཟླ་11ཚེས་24ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཏན་སློབ་ཆུང་དང་། ལྷ་ས་གྲོང་ཁྱེར་སློབ་འབྲིང་བདུན་པ། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་བཅས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ། “ལོ་ལྔ་ཚན་བཅོ་ལྔ་པའི”སློབ་གསོའི་ཆེད་དོན་འཆར་འགོད་ཀྱི་སྒྲིག་ཁོངས་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་གྱི་རྨང་གཞིའི་སློབ་གསོའི་དུས་མཚམས་ཀྱི་སློབ་གནས་ཁ་ཐང་ས་དང་། སློབ་གསོ་སློབ་ཁྲིད། སློབ་གྲྭའི་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་སློབ་གྲྭའི་ཁྱད་ལྡན་སློབ་ཚན་བཀོད་སྒྲིག་དང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་། སློབ་གྲྭའི་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་རྨང་གཞིའི་སློབ་གསོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཀྱང་བྱས་པ་རེད། བརྟག་ཞིབ་ཚོགས་ཆུང་གིས་རྒྱལ་ཁབ་སྟོབས་འབྱོར་རྒྱས་པ་དང་མི་རིགས་དར་ཞིང་རྒྱས་པ་ཞིག་ཡོང་བར་བྱེད་དགོས་ན། རྨང་གཞི་དེ་སློབ་གསོ་དང་འགག་རྩ་དེ་སློབ་གསོར་ཐུག་ཡོད་ཅེས་བསྟན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།