རང་སྐྱོང་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཀྱི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།
ལིའུ་ཅང་ཕེབས་ནས་གསུང་བཤད་གནང་བ།
ཟླ་11ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཀྱི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ། ལས་ཀའི་ཕན་འབྲས་ལ་ཕྱོགས་སྡོམ་དང་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལིའུ་ཅང་ཚོགས་འདུར་ཕེབས་པ་རེད།
ལའེ་ཅའོ་ཡིས་གཙོ་སྐྱོང་གནང་བ་དང་། ཝང་ཅུན་དང་སྒྲོལ་དཀར་ཞུགས་པ།
ལིའུ་ཅང་གིས་བསྟན་དོན། ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་ལུགས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཏང་གི་འཛུགས་སྐྱོང་ཁག་ལ་གཅིག་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་ལས་བྱེད་པའི་མི་དོན་དང་། གཞི་རིམ་རྩ་འཛུགས། ཤེས་ལྡན་པ་འཕེལ་རྒྱས། ཏང་ཡོན་གྱི་སློབ་གསོ་དོ་དམ་སོགས་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་རྒྱུན་མཐུད་གཏོང་བ། མང་ཚོགས་ཚོགས་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཏང་གི་གཞི་རིམ་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་སྔར་བས་སྟོབས་ཆེར་བཏང་ནས་ཏང་ཡོན་ལས་བྱེད་པའི་བསམ་པའི་ཉམས་འགྱུར་སྔར་བས་ཆེ་རུ་དང་ཏང་འཛུགས་སྐྱོང་ལ་ཕན་འབྲས་གསར་པ་ཐོབ་པར་བྱེད་དགོས།
ལིའུ་ཅང་གིས། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་བཏང་སྟེ། གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས་འགག་སྒྲོལ་དཀའ་སེལ་གྱིས་ཏང་འཛུགས་སྐྱོང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་ཏུ་དང་ཏན་ཏིག་ཏུ་འགྱུར་བར་སྐུལ་འདེད་རྒྱུན་མཐུད་གཏོང་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱས་ཏེ། ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་གཞིའི་སྒྲིག་ཁོངས་ཀྱི་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འཁོར་སྐྱོད་ལས་ཆོད་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཁ་གཏད་བོད་སྐྱོར་གྱི་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ཏེ། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་སྔར་བས་གཅིག་གྱུར་ཡོང་བར་བྱེད་དགོས། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཕུལ་བྱུང་ཤེས་ལྡན་པས་ནུས་རྩལ་འདོན་པར་ཁོར་ཡུག་ཡག་པོ་སྐྲུན་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་ནས་འབྲེལ་ཟམ་ནུས་པ་སྔར་བས་ཡག་པོ་འདོན་དགོས། ཏང་ཡོན་གྱི་སློབ་གསོ་དོ་དམ་དང་ནུས་པ་འདོན་སྤེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། ཉམས་མྱོང་ལ་ཕྱོགས་སྡོམ་དང་དཔེ་མཚོན་སྔོག་འདོན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་མཉམ་ཤུགས་ཆགས་པ་དང་ལས་འགན་དོན་འཁྱོལ་བྱེད་པར་དམ་འཛིན་ནན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།