ཀརྨ་ཚེ་བརྟན་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དང་ནགས་ཚལ་རྩྭ་ཐང་གི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ།
ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དང་ནགས་ཚལ་རྩྭ་ཐང་གི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར” ཤུགས་རྒྱག་པ། ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགོ་འཛུགས་ས་དང་ཤུགས་རྒྱག་ས་གནད་ལ་འཁེལ་པོས་འཚོལ་བ། རང་འགུལ་ངང་འགན་འཁུར་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་ལྟེ་གནས་དང་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་དུ། ཀརྨ་ཚེ་བརྟན་གྱིས་དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་འགན་ལེན་དང་གཉིས་བཀུར་ལས་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས་དམག་ཞབས་ཐིམ་པའི་དམག་མིར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ། སྤྱི་ཚོགས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་དང་དམག་མིའི་རང་མདངས་ནམ་ཡང་མི་ཉམས་པར་བྱེད་པའི་ཁྲིད་སྟོན་བྱེད་དགོས། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག གཟིགས་སྐྱོང་གོད་གསབ་དང་། དཀའ་སེལ་རོགས་སྐྱོར། ཁེ་དབང་སྲུང་སྐྱོང་། སྔོན་གཤེགས་དཔའ་བོར་བསྟོད་པ་སོགས་ཀྱི་ལས་དོན་སྤྱི་འདོམས་ཀྱིས་ལེགས་པར་སྤེལ་ཏེ།དམག་མིའི་ལས་རིགས་གོང་དུ་བཀུར་བ་དང་དམག་ཞབས་ཐིམ་པའི་དམག་མིར་བརྩི་འཇོག་བྱེད་པའི་སྣང་ཚུལ་ཡག་པོ་ཞིག་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་སུ་ཀརྨ་ཚེ་བརྟན་གྱིས་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་སྤེལ་རེས་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ངོ་འཕྲད་སྒྲོག་འགྲེལ་གནང་ཞིང་། ཁོང་གིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོར་འཛུགས་པ་དང་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེར་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་ཚང་མར་སྲུང་སྐྱོང་ཡག་པོ་བྱེད་དགོས། མིག་སྔར་གཞི་འཛུགས་པ་དང་ཕུགས་ལ་དམིགས་པ་ཕན་ཚུན་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་འགོད་པར་དམ་པོར་དམིགས་ནས་ཐཱན་དང་སྦགས་བཙོག་ཉུང་གཏོང་དང་། སྔོ་ལྗང་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། བརྒྱུད་རིམ་ལྡན་པའི་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། ལེགས་ཆ་དར་སྤེལ་གཏོང་བ་བཅས་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།