དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-22

    ཚེས་19ཉིན། ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྲོལ་ཡིག》སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་བསྟན་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྲོལ་ཡིག》ནི་རང་རེའི་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྐོར་གྱི་གཅིག་འདོམས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་རྩ་བའི་རྐང་འཛིན་ཁྲིམས་སྲོལ་དང་པོ་ཡིན་པས། ཏང་གིས་བསམ་བློ་ཆབ་སྲིད་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། བསམ་བློ་ཆབ་སྲིད་ལས་དོན་གྱི་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་བསམ་བློ་ཆབ་སྲིད་ལས་དོན་ནི་ཏང་གི་སྲོལ་རྒྱུན་བཟང་པོ་དང་། མངོན་གསལ་དོད་པོའི་ཁྱད་ཆོས། འབུར་དུ་ཐོན་པའི་ཆབ་སྲིད་ཀྱི་ལེགས་ཆ་བཅས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཡིན་པར་ངོས་འཛིན་གང་ལེགས་བྱས་ཏེ། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་རང་འགན་གཙང་སྒྲུབ་དང་རང་འགན་ཐེག་པ་ཁུར་ལེན་བྱེད་དགོས། 《སྲོལ་ཡིག》ནང་གི“མི་རྣམས་ལ་ཁྲིད་སྟོན་བྱེད་པ་དང་། མིའི་བློ་སེམས་འགུགས་པ། མི་སེམས་གོང་བུར་སྒྲིལ་བ། མི་གསོ་སྐྱོང་བྱེད་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་གང་ལེགས་བཏོན་ཐོག་ཚོགས་རིགས་དབྱེ་བ་དང་། དམིགས་འཛུགས་ཅན། གནད་སྨིན་ཅན་བཅས་ཀྱི་དྲིལ་བསྒྲགས་སྒྲོག་འགྲེལ་བྱས་པ་བརྒྱུད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།