རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
ཡན་ཅིན་ཧའེ་ཞུགས་ནས་གསུང་བཤད་གནང་བ།
ཚེས་20ཉིན། རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། “ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་སྐྲུན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་གྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་སྡོམ། ཉམས་མྱོང་སྤེལ་རེས། དུས་བབ་ལ་དབྱེ་ཞིབ། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཡན་ཅིན་ཧའེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
བསྟན་པས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཝུའེ་ཤིའུ་ཁྲང་དང་ཞ་ཁེ་ཆིན་ཚོགས་འདུར་ཕེབས་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་ཏུ་བརྩིས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པའི་ཆོད་སེམས་ཆེན་པོ་དང་། ཤུགས་ཚད་ཆེན་པོ། ཕན་འབྲས་ཆེན་པོ་བཅས་སྔར་བྱུང་མྱོང་མེད། མཚོ་བོད་ས་མཐོའི་གཙོ་སྒང་ཡིན་པའི་བོད་ནི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་འགན་འཁྲི་གནས་ས་དང་ལེགས་ཆ་གནས་ས་ཞིག་ཡིན་ལ། གཏིང་ཤུགས་གནས་ས་དང་འབྱུང་འགྱུར་གཏོད་ས་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཁྲིད་སྟོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“བྱས་འབྲས་ཐོབ་པར་ངས་མི་རྩོད”པའི་བསམ་བློའི་གོ་རྟོགས་དང་། “བྱས་རྗེས་འཇོག་པར་ང་ཡིས་འབད”པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ནས་དམིགས་ཚད་ལ་དམ་འཛིན་ལྷོད་མེད་དང་། ཏན་ཏན་ཏིག་ཏིག དཀའ་སྤྱད་སྙིང་རུས། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་ལྗིད་ཏིག་ཏིག་གི་རྒྱུགས་ལན་ཞིག་ཕུལ་ཡོད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་དམིགས་ཚད་རྩ་བར་འཛིན་པ་དང་། གཙོ་གནད་འབུར་དུ་ཐོན་པ། འཆར་འགོད་གལ་ཆེན་ལ་དམིགས་པ། ཁ་ཕྱོགས་གསལ་བཟོ་བཅས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་འཆར་འགོད(2021ལོ་ནས་2035ལོ་བར)》ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་བསམ་ཕྱོགས་དང་། དམིགས་ཚད་ལས་འགན། བྱེད་ཐབས་གལ་ཆེན་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ“འཆར་འགོད་གཅིག་མཐའ་འཁྱོལ་ཡོང་བར”བྱེད་དགོས། སྲིད་ཇུས་གལ་ཆེན་ལ་དམ་པོར་དམིགས་པ་དང་ལམ་ལུགས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱེ་ཁམས་ཀྱི་ཁ་གསབ་དང་། ཐོན་ལས་ཀྱི་ཁྲིད་སྟོན། དམངས་འཚོ་འགན་སྲུང་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་གནད་དོན་ལ་དམིགས་པ་དང་། སྲིད་ཇུས་ཞིབ་འཇུག་དང་གྲབས་གསོག་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ཁྱད་པར་ཅན་གྱི་རྒྱབ་སྐྱོར་སྲིད་ཇུས་སྔར་བས་མང་བ་བརྩོན་ལེན་བྱེད་དགོས། རྣམ་གྲངས་གལ་ཆེན་ལ་དམ་པོར་དམིགས་པ་དང་ལག་ལེན་གྱི་གཞི་རྟེན་བརྟན་དུ་ཧུར་ཐག་བཏང་སྟེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བར་དམིགས་ནས་མཚོན་བྱེད་རང་བཞིན་དང་ཁྲིད་སྟོན་རང་བཞིན་གྱི་འདུ་འགོད་རྣམ་གྲངས་གལ་ཆེན་ཁག་གཅིག་འཆར་འགོད་དང་ལག་བསྟར་བྱེད་དགོས། དམ་པ་དོན་གཉེར་དང་མཉམ་དུ་ནུས་ཤུགས་བཏོན་ཏེ། དོན་ཚན་གལ་ཆེན་ཐད“སྤྱི་འདོམས་གཏིང་ཟབ”དང་། སྒྲིག་སྲོལ་ལམ་སྲོལ་ཐད“སྤྱི་འདོམས་བདེ་བླག” སྲིད་ཇུས་ཀྱི་ཚད་གཞིའི་ཐད“སྤྱི་འདོམས་གནད་སྨིན” ལས་འགན་དོན་འཁྱོལ་ཐད“སྤྱི་འདོམས་ཏན་ཏིག”བཅས་ཡོང་བ་བྱས་ནས་བཀོད་སྒྲིག་ལས་དོན་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།