དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་རྩིས་བཤེར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-19

    ཟླ་11ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་དུ་བརྟག་ཞིབ་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ནོར་སྲིད་རྩིས་བཤེར་ཁྲུའུ་རུ་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་སྤེལ་རེས་གནང་ནས། མ་འཇོག་རྣམ་གྲངས་གལ་ཆེན་ལ་རྩིས་བཤེར་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ཟླ་11ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་དུ་བརྟག་ཞིབ་གནང་སྐབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་ཞན་ཆ་སེལ་བ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་རྩིས་བཤེར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནོར་སྲིད་རྩིས་བཤེར་ཁྲུའུ་དང་། གཏན་འཇགས་རྒྱུ་ནོར་མ་འཇོག་རྩིས་བཤེར་ཁྲུའུ། གྲངས་གཞི་ཆེ་མོའི་རྩིས་བཤེར་གྲོས་ཚོགས་བཀོད་འདོམས་ལྟེ་གནས་བཅས་སུ་ཕེབས་ནས། ལས་བྱེད་ལས་བཟོ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་མ་འཇོག་རྣམ་གྲངས་གལ་ཆེན་ལ་རྩིས་བཤེར་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཚན་རྩལ་ལ་བརྟེན་ནས་འཐབ་འཛིང་ནུས་པ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་ནས་རྩིས་བཤེར་ལྟ་སྐུལ་གྱི་སྤུས་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། གནད་དོན་གསལ་སྟོན་དང་རྩིས་བཤེར་དག་ཐེར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་ལྡན་དང་ཕན་ཡོད་ཀྱི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གི་ལས་བྱེད་པ་དང་བཞུགས་མོལ་གནང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གིས་དགེ་མཚན་ལྡན་པའི་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྒྱང་ལམ་གསར་པར་འཚོགས་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བསྐྱོན་པ་དང་། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རྩིས་བཤེར་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས་པ་དང་། 《གྲོས་འགོའི》ཕུན་སུམ་ཚོགས་པའི་ནང་དོན་དང་ཚན་རིག་དང་མཐུན་པའི་མ་ལག་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་ཐད་བཏོན་གནང་བའི་བླང་བྱ་གསལ་པོ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་རྩིས་བཤེར་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་གང་ཐུབ་བྱེད་པ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་ཐུབ་པར་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོན་རྒྱུར་ཞབས་འདེགས་ཞུ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་བོད་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”རྩིས་བཤེར་འཕེལ་རྒྱས་ཀྱི་འཆར་འགོད་གནད་སྨིན་བཟོ་བ་དང་། ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རྩིས་བཤེར་ལས་དོན་གྱི་བྱ་ཐབས་ཡག་པོ་དང་ཉམས་མྱོང་ཡག་པོར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ། ཚོར་སྣང་གི་ཤེས་རྟོགས་དེ་རྗེས་དཔག་གི་ཤེས་རྟོགས་ལ་འགྱུར་བར་བྱེད་པ། རྩིས་བཤེར་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་དང་ཞིབ་ཕྲའི་བྱ་ཐབས་གནད་སྨིན་ཇུས་འགོད་བཅས་བྱས་ནས་ལས་འགན་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ཏེ་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་བྱེད་པ། རྩིས་བཤེར་ལྟ་སྐུལ་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བ། ལས་ཀའི་རྒྱང་ལྟའི་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རྩིས་བཤེར་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚན་རིག་དང་མཐུན་པའི་ཇུས་གཞི་འདིང་བར་དཔྱད་གཞི་མཁོ་འདོན་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་ཏེ་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་རྩིས་བཤེར་སྟོབས་ཤུགས་དང་ཐོན་ཁུངས་གཞི་རིམ་གྱི་འཐབ་ས་དང་པོར་གཤམ་སྒྱུར་དང་མང་ཚོགས་ཁྲོད་སྣུར་སྲིང་བྱས་ནས། དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་དོན་འཁྱོལ་བྱེད་པའི་འགག་གནད་དང་དཀའ་གནད་སེལ་དགོས། དབང་ཆ་འཁོར་རྒྱུག་ཚད་ལྡན་དུ་གཏོང་བར་དམིགས་ཏེ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རུལ་རྒོལ་ཟིང་བཅོས་ཐད་ཀྱི་རྩིས་བཤེར་གྱི་ནུས་པ་གལ་ཆེན་གང་ལེགས་འདོན་པ། རྩ་བའི་དགོངས་གཞི་ནན་པོ་དང་། བྱ་ཐབས་ནན་པོ། རྣམ་པ་ནན་པོ་བཅས་ཡུན་རིང་མཐའ་འཁྱོངས་བྱེད་དགོས། གནད་དོན་དག་ཐེར་གྱི་རྗེས་མཐུད་ལས་འགན་ལ་དམིགས་ཏེ་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། རྩིས་བཤེར་དག་ཐེར་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་དབྱང་རྩིས་བཤེར་གྱིས་ཤེས་རྟོགས་བྱུང་བའི་གནད་དོན་གྱི་དག་ཐེར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ། རྩིས་བཤེར་ལྟ་སྐུལ་དང་། སྒྲིག་བཤེར་ལྟ་སྐུལ། སྐོར་གཟིགས་སྐོར་ཞིབ་སོགས་རིགས་ཁག་གི་ལྟ་སྐུལ་དང་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྩིས་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས། བོད་ཀྱི་རྩིས་བཤེར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནས་གནད་དོན་ལ་བསམ་གཞིག་དང་ཞིབ་འཇུག་བྱེད་པ་དང་། རྩིས་བཤེར་གྱི་ཆབ་སྲིད་ཀྱི་ནུས་པ་དང་ཆབ་སྲིད་ཀྱི་གཏོགས་གཤིས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་རྩིས་བཤེར་ལྟ་སྐུལ་དེ་བས་དབང་གྲགས་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། ལས་རིགས་ཀྱི་སྙིང་སྟོབས་བཏོད་ནས། རྩ་དོན་རྒྱུན་འཁྱོངས་བྱེད་ཕོད་པ་དང་། འཛེམ་མེད་དམར་འདོན་བྱེད་ཕོད་པ། སྐད་ཆ་དྲང་པོ་དང་བདེན་པ་ཤོད་ཕོད་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཐུབ་པ་དང་། ཉམས་སད་མཐའ་གཅིག་ཏུ་ཐེག་པ། བློས་མཐའ་གཅིག་ཏུ་འགེལ་ཆོག་པ་བཅས་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ནས། རྒྱུན་ཆད་མེད་པར་ཆེད་ལས་ཀྱི་ནུས་པ་ཆེ་རུ་དང་བྱང་ཚད་མཐོ་རུ་བཏང་སྟེ། སེམས་མཐུན་སྟོབས་སྒྲིལ་དང་ཤུགས་འདོན་ལས་སྒྲུབ་ཀྱི་རྣམ་པ་བཟང་པོ་བརྟན་དུ་རྒྱུན་མཐུད་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། གཟབ་ནན་སྟབས་བདེ་རྒྱུན་འཁྱོངས་ཀྱིས་ཟ་མཁས་འཐུང་མཁས་བྱེད་པའི་བསམ་བློ་དང་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ཏེ་རྩིས་བཤེར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཏང་དང་རྩིས་བཤེར་ལ་བཅོས་སྐྱོང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ། རྩིས་བཤེར་ལས་དོན་ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་སྤེལ་ནས། རྩིས་བཤེར་བྱས་འབྲས་ཡང་དག་པ་དང་། རྩིས་བཤེར་གྱི་ངོ་བོ་བདེན་པ་བདེན་ཐུབ། རྩིས་བཤེར་ཐག་གཅོད་ལ་བརྩི་སྲུང་ཞུ་སའི་ཁྲིམས་ཡོད་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།