དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལས་དོན་ལ་བརྟག་ཞིབ་གནང་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-14

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་རྒྱལ་ཁབ་རིམ་པའི་ལྷ་སའི་དེང་རབས་ཞིང་ལས་གླིང་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བོད་ཀྱི་རྒུན་འབྲུམ་གྱི་སྣ་ཁ་ལེགས་གཏོང་དང་འདེབས་གསོའི་ལག་རྩལ་དང་། ས་མཐོའི་ཀོག་ཧྥེ་འདེབས་འཛུགས་ལག་རྩལ། སྦྲང་རྩིའི་ཐོན་ལས་ལག་རྩལ་གསར་གཏོད། བེད་སྤྱོད་དང་གྲུབ་འབྲས་གཞན་སྒྱུར་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ལུའོ་མེ་ཡིས། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་དུ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་དགོས་མཁོའི་སྟོན་ཕྱོགས་དང་ཁེ་ལས་ཀྱི་བྱེད་པོའི་གནས་བབ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། གཞན་སྒྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ལེན་བྱེད་ནུས་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།